ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐོར་གྱི་དགོངས་པ་གལ་ཆེན་ལ་སྔར་ལས་གོ་བ་ཟབ་མོ་ལེན་པ་དང་མ་ནོར་བར་ཁོང་དུ་ཆུད་པར་བྱེད་པ། དངོས་འབེབས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཆེད་དུ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རྩ་འཛུགས་སྒོས་རྩོམ་སྒྲིག་བྱས་པའི 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐོར་གྱི་དགོངས་པ་གལ་ཆེན་སྤྱི་བཤད》ཅེས་པའི་དཔེ་དེབ་དེ་ཏང་འཛུགས་ཀློག་དེབ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས། ཚེས་བཅུ་དྲུག་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་དཔྱད་གཞི་གལ་ཆེན་ལ་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བརྗོད་དོན་གཙོ་བོ་དང་གཙོ་ཐིག་འདི་ཉིད་འབུར་ཐོན་ཡོང་བར་བྱས་ནས། ཏང་ལ་དོ་དམ་དང་ཏང་སྐྱོང་བ། ཏང་དར་སྤེལ་གཏོང་བ་དང་ཏང་སྟོབས་ལྡན་དུ་གཏོང་བ་བཅས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་པར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐོར་གྱི་དགོངས་པ་གལ་ཆེན་ནི་བསམ་བློ་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་ལ། གསར་གཏོད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པར་བརྟེན་ནས། མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་ཧ་ཅང་འཕེལ་རྒྱས་ཆེན་པོ་བཏང་བ་དེས། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི“ཏང་འཛུགས་ལེའུ”གྲུབ་པར་བྱས་པ་དེས། དུས་རབས་གསར་པའི་ཏང་འཛུགས་ཀྱི་རླབས་ཆེན་བཟོ་བཀོད་གསར་པར་སྐུལ་འདེད་ཟབ་མོ་གཏོང་བ་དང་དུས་རབས་གསར་པའི་རྩ་འཛུགས་ལས་དོན་ལེགས་པར་སྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
《སྤྱི་བཤད》དེ་གླེང་གཞི་དང་བརྗོད་གཞི་དངོས། མཇུག་བསྡུ་བཅས་ཀྱིས་གྲུབ་ཡོད་ཅིང་། དེར་བསྡོམས་པས་ཡིག་གྲངས་འབུམ་གཅིག་དང་ཁྲི་གཉིས་སྟོང་གཅིག་ཡོད། དཔེ་དེབ་ཧྲིལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐོར་གྱི་དགོངས་པ་གལ་ཆེན་གྱི་དོན་སྙིང་གཙོ་བོ་དང་དགོངས་པའི་ངོ་བོ། ནང་སྙིང་ཕུན་སུམ་ཚོགས་པ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད་ལ། ཏང་འཛུགས་ཀྱི་གཞི་རྩའི་རྩ་དོན་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག རིན་ཐང་འཚོལ་སྙེག གཙོ་གནད་ལས་འགན་བཅས་ལ་གསལ་བཤད་གསལ་པོ་བྱས་ཡོད་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཏང་འཛུགས་ཁྱབ་ཁོངས་ཀྱི་གསར་གཏོད་རང་བཞིན་གྱི་བྱས་རྗེས་ཕྱོགས་ཡོངས་ནས་མཚོན་ཡོད། 《སྤྱི་བཤད》དེར་ནང་དོན་ཕུན་སུམ་ཚོགས་པ་དང་ལྟ་བ་གསར་པ་ཡིན་པ། རྒྱས་བཤད་ཟབ་མོ་ཡིན་པ། གཏན་ཚིགས་ཚགས་དམ་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་ལས་གཞན། དེར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མ་ལག་གི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཆེན་པོ་ལྡན་པར་བརྟེན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་མ་ནོར་བ་ལེན་པར་ཕན་པའི་དབང་གྲགས་ཅན་གྱི་རམ་འདེགས་ཀློག་དེབ་ཅིག་ཡིན།
བན་དེ་སྐྱབས་ཀྱིས་བསྒྱུར།