མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་ཚོགས་འདུ་བསྡུས།
2025.01.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཟླ1ཚེས16ཉིན།  མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་ཚོགས་འདུ་ཐེངས་སོ་དགུ་པ་བསྡུས།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲའུ་ཅི།  ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས།  དབྱང་ཧྥིན་ཁྲུན་དང་།  ཉི་མ་སྒྲོལ་མ།  ལིའུ་ཐུང་ཏི།  ཀྲང་ཧོང་ཡོན།  ཝང་ཅིན་ཀྲའེ།  ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་པའི་འབྲེལ་ཡོད་མི་དོན་བྱ་བའི་སྐོར་གྱི་གསལ་བཤད་ལ་ཉན་པ་དང་།  མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཁ་ཤས་ཀྱི་ཐོང་ཐང་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ་དང།  མི་དོན་བསྐོ་འཐེན་སྐོར་གྱི་གྲོས་གཞིའི་སྙན་ཞུར་ཉན།   ཀྲུའུ་རིན་ཚོགས་འདུའི་སྟེང་གོང་གི་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་གྲོས་འཆམ་བྱུང་།

ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་སྐོར་གྱི་གྲོས་གཞི་དང་དུས་ཚོད་བཀོད་སྒྲིག་གི་སྙན་ཞུར་ཉན་ལ།  ཀྲུའུ་རིན་ཚོགས་འདུའི་སྟེང་གྲོས་མཐུན་བྱུང་ནས་ཞིང་ཆེན་ཏང་ཨུ་ལ་སྙན་ཞུ་ཕུལ།

ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཉིན་རེའི་གྲོས་རིམ་འཆར་ཟིན་གྱི་སྙན་ཞུར་ཉན།  ཀྲུའུ་རེན་ཚོགས་འདུའི་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་སྤྲད་ནས་གྲོས་མཐུན་བྱེད་པར་འཐད་པ་བྱུང་།

ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་བྱ་བའི་གཙོ་གནད་མ་ཡིག་དང་།  མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞིའི་འཆར་ཟིན།  2025ལོའི་ཞིབ་བཤེར་དང་ཆོག་མཆན་འགོད་པའི་ཁྲིམས་ལུགས་སྲོལ་ཡིག་གི་བྱ་བའི་འཆར་གཞིའི་འཆར་ཟིན་བཟོ་བའི་གནས་ཚུལ།  མཚོ་སྔོན་ཞིང་ཆེན་དམངས་ཆེན་ཨུ་ཡོན་ལྷན་ཁང་གི2025ལོའི་ལྟ་སྐུལ་བྱ་བའི་འཆར་གཞིའི་འཆར་ཟིན།  མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་འཐུས་མི་བྱ་བའི་འཆར་གཞིའི་འཆར་ཟིན་སྙན་ཞུ་བཅས་ལ་ཉན་པ་དང་།   ཀྲུའུ་རིན་ཚོགས་འདུའི་སྟེང་རྩ་བའི་ཆ་ནས་གོང་གི་སྙན་ཞུ་ཁག་ཞིང་ཆེན་ཏང་ཨུ་ལ་སྙན་ཞུ་འབུལ་བར་འཐད་པ་བྱུང་།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།