ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གསུམ་པ་བསྡུས།
2025.01.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

 ཟླ1ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གསུམ་པ་མཇུག་བསྒྲིལ་རྗེས། ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གསུམ་པ་དེ་བརྙན་ལམ་བརྒྱུད་ནས་བསྡུས།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ལའོ་ཏུང་ཁྲོན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་སོ་སོས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བློ་ཐག་རྦད་ཆོད་ཀྱི་ངེས་ཤུགས་ལ་བརྟེན་ནས།  ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་ བྱས་ཏེ།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཇེ་དྲག་ཏུ་བཏང་ལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་པ་དང་། “སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཤིང་། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱས་པ་དང་།  གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཞིང་། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ།  སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་།

ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན།   ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བའི་ལོ་དང་།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཞིབ་འཇུག་གི་ལོ་ཞིག དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་བཅས་ཡིན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། སྐབས་བཅུ་བཞི་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་གཞིར་བཟུང་སྟེ།  རྩ་བའི་དགོངས་གཞི་ཇེ་དྲག་ཏུ་གཏོང་བ་དང་། བྱེད་ཐབས་ཇེ་དྲག་ཏུ་གཏོང་བ།  སྣང་ཚུལ་ཇེ་དྲག་ཏུ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དེ་སྲིད་གཞུང་གི་ལས་དོན་སྣ་ཚོགས་དང་རང་ངོས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ། ཕྱོགས་སོ་སོ་བཅས་སུ་དོན་འཁྱོལ་བྱེད་དགོས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ།  “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་ཁྲོད་བཅོས་སྒྱུར་གསར་སྐྲུན་དང་ལས་སྒྲུབ་ལས་གཏོད་བྱེད་པར་ཁྲིད་སྟོན་བྱེད་དགོས། “སྤྱོད་ངན་བཞི”ཡོ་བསྲང་དང་དར་སྲོལ་གསར་པ་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་དང་། ནོར་སྲིད་དཔལ་འབྱོར་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་ལ་དོགས་ཟོན་དང་ཆད་གཅོད་ནན་མོ་བཅས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མུ་མཐུད་དུ་བཅོས་སྒྲིག་གཏིང་ཟབ་བྱེད་དགོས།  བཅོས་སྒྱུར་ཟབ་སྤེལ་དང་སྲིད་འཛིན་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་། སྲིད་འཛིན་གྱི་ཕན་ནུས་ཆུ་ཚད་མཐོ་རུ་བཏང་སྟེ།  ཁེ་ལས་དང་མང་ཚོགས་ཀྱིས་ལས་དོན་སྒྲུབ་པར་སྟབས་བདེ་ཡོང་བ་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་སོ་སོའི་ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ཇེ་དྲག་ཏུ་བཏང་སྟེ།  རིམ་པ་བཞིན་རྩ་བའི་དགོངས་གཞི་ནན་མོ་དང་འགན་འཁྲིའི་གནོན་ཤུགས་བརྒྱུད་སྤྲོད་བྱེད་དགོས།

ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་སོ་སོས་དངོས་སྒྲུབ་སྔོན་ཐོན་བརྩོན་ལེན་དང་དངོས་སྒྲུབ་ཁག་ཁུར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཆེན་པོ་བཏང་སྟེ། སྲིད་དོན་གཙང་སྐྱོང་དང་སྲིད་དོན་བརྩོན་སྐྱོང་གཅིག་གྱུར་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱར་དམིགས་པ། འགལ་ཟླའི་གནད་དོན་ལ་ཁ་གཏད་འཇལ་བར་གཡོལ་ཐབས་མི་བྱེད་པ་དང་། གཅོང་ནད་གཙང་སེལ་བྱེད་པར་ཐེ་ཚོམ་མི་བྱེད་པ། ཉེན་ཁའི་འགྲན་རྩོད་ལ་ཁ་གཏད་འཇལ་བར་ཕྱིར་བཤོལ་མི་བྱེད་པ་བཅས་བྱས་ནས། བློ་རྩ་བརྟན་ཞིང་ནུས་ལྡན་གྱི་ལག་བསྟར་པ་ཡག་པོ་བྱེད་དགོས།  བྱ་བའི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོར་ཆུད་པ་དང་།  བྱ་བའི་སྔོན་མཐོང་རང་བཞིན་དང་དམིགས་སའི་རང་བཞིན། ཕན་ནུས་རང་བཞིན་བཅས་ཆེ་རུ་གཏོང་བ། དོན་གཉེར་གོ་ཆོད་ཀྱི་བྱེད་ཐབས་དངོས་སྔ་མོ་ནས་ཇུས་འགོད་དང་འདོན་སྤེལ་བྱེད་པ། གནད་ཕིགས་ནུས་ལྡན་གྱི་སྲིད་ཇུས་དང་བྱེད་ཐབས་སྔ་མོ་ནས་གསོག་འཇོག་དང་འགྲེམ་སྤེལ་བྱེད་པ་བཅས་བྱས་ཏེ། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་འགུལ་སྐྱོད་པ་ཡག་པོ་བྱེད་དགོས།  འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།  ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྲིད་ཇུས་ལག་བསྟར་བྱས་ཏེ།   བཅོས་སྒྱུར་གྱི་བྱེད་ཐབས་དང་གསར་གཏོད་ཀྱི་བསམ་ཕྱོགས་ལ་བརྟེན་ནས་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་དང་ལས་དོན་སྣ་ཚོགས་གཅིག་གྱུར་འཆར་འགོད་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས་བྱས་ནས།  ལས་མཁས་སྒྲུབ་མཁས་ཀྱི་དངོས་སྒྲུབ་པ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

ཀྲང་ཅིན་ཀང་གིས་ཚོགས་འདུར་མགོ་འཛིན་བྱས། ཚེ་རིང་ཐར་དང་། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་། རྨ་ལྷོ་ཁུལ་དང་ཞིང་ཆེན་རྩིས་བཤེར་ཐིན། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར །