ཟླ1ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས་ནས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་བཅས་ཀྱིས་མི་དོན་བཀོད་སྒྲིག་ཐད་བཏོན་པའི་བསམ་འཆར་བསྡུ་ལེན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོས་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་མི་དོན་བཀོད་སྒྲིག་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས།
ཚོགས་ཐོག་ནས་བསྟན་དོན། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས། ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་ལྟར་འབྲེལ་ཡོད་འདེམ་མི་འདེམ་བསྐོ་བྱེད་རྒྱུ་ཡིན་པ་དང་། དེ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན། དམངས་གཙོ་གྲོས་མོལ་ལ་ཤུགས་སྣོན་ཆེད། ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་མི་དོན་བཀོད་སྒྲིག་ཐད་ནས་གྲོས་མོལ་གང་ལེགས་བྱས་པ་དང་། དམངས་གཙོ་སྔར་ལས་དར་སྤེལ་གཏོང་བ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་བརྒྱུད་དེ། ཕྱོགས་སོ་སོས་མཐུན་སྒྲིལ་གཅིག་གྱུར་དང་དཀའ་སྤྱད་མདུན་སྐྱོད་བྱེད་དུ་བཅུག་ནས། ཚོགས་ཆེན་བཟང་བོར་བསྡུ་བའི་ཐད་སྣང་ཚུལ་བཟང་བོ་བསྐྲུན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཀྱིས་བསམ་བློ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་དོན་བཀོད་སྒྲིག་གི་ཆོད་དོན་སྟེང་གཅིག་གྱུར་བྱས་ཏེ། ཚོགས་ཆེན་གཉིས་ཀྱི་མི་དོན་འདེམ་བསྐོ་བྱ་བ་ཡོངས་སུ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཕྱིའི་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཕྱིའི་ཀྲུའུ་ཞི་གཞོན་པ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་བཅས་ཀྱི་མི་སྣ་གདན་ཞུ་ལྟར་ཚོགས་འདུར་ཞུགས། ཚང་མས་མཐའ་གཅིག་ཏུ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་དོན་བཀོད་སྒྲིག་གི་གྲོས་གཞི་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་འཐད་པ་ཡིན་ཞེས་བསྟན།
རིན་ཆེན་མཚོས་བསྒྱུར།