ཟླ1ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གསུམ་པ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟབ་སྤེལ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚོགས་འདུར་མགོ་འཛིན་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་དང་ཀྲང་གོ་ཆིན། ལིའུ་གོ་ཀྲུང་། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་དང་ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན་བཅས་ཚོགས་འདུར་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་གདན་ཞུས་ལྟར་ཚོགས་འདུར་ཞུགས།
ལིས་ཆང་གིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྟེང་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཡང་དག་ལེན་རྒྱུ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བར་ངོས་འཛིན་ཡང་དག་བྱས་ནས། དུས་ནམ་ཡང་ལམ་གྱི་དུ་ཡོད་པའི་བློ་རྩ་བརྟན་པོར་བརྟེན་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ནན་མོ་གཏོང་དགོས། སྔོན་འགོག་ནན་མོ་དང་ཆད་གཅོད་ནན་མོ་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་མཉམ་བཤེར་མཉམ་བཅོས་བྱེད་པར་སྐུལ་འདེད་ཆེན་པོ་བཏང་སྟེ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་རུལ་སུངས་འབྱུང་སའི་ས་རྒྱུ་དང་ཆ་རྐྱེན་མེད་པར་བཟོ་དགོས། གཟབ་ནན་མཐར་ཐུག་རྒྱུན་འཁྱོངས་སྒོས“སྤྱོད་ངན་བཞི”ཡོ་བསྲང་དང་། ནོར་སྲིད་སྒྲིག་ཁྲིམས་ནན་གཏོང་། སྤྱི་པའི་མ་དངུལ་དོ་དམ་དང་བེད་སྤྱོད་ཡག་པོ་བཅས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་སྔོན་འགོག་དང་ཆད་གཅོད་ནན་མོ་བྱས་ཏེ། མང་ཚོགས་ཀྱི་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མུ་མཐུད་དུ་བཅོས་སྐྱོང་གང་ལེགས་བྱས་ནས། དྲང་བདེན་དང་དཔལ་ཡོན་ལྡན་པའི་སྒོས་ཁྲིམས་འཛིན་ལས་དོན་ཚད་ལྡན་ཅན་དུ་གཏོང་དགོས། རིམ་པ་སོ་སོའི་སྲིད་གཞུང་གི་ཏང་ཙུའུ་དང་སྡེ་ཁག་སོ་སོའི་ཏང་ཙུའུ་དང་ཏང་ཨུ་ཡིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ཇེ་དམ་དུ་བཏང་སྟེ། བཅོས་སྒྱུར་སྔར་ལས་ཟབ་སྤེལ་བཏང་ནས་སྲིད་གཙང་ལ་སྐུལ་འདེད་དགོས་ལ། སྲིད་གཙང་དང་སྲིད་བརྩོན་ཟུང་འབྲེལ་བྱས་ནས། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། མཁྲེགས་གཏོར་དཀའ་སེལ་ཁྲོད་བཅོས་སྒྱུར་འཕེལ་རྒྱས་ཀྱི་གནམ་ས་གསར་པ་འབྱེད་དགོས་ཞེས་ནན་གྱིས་བསྟན།
རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་། སི་ཁྲོན་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཚོགས་ཐོག་ནས་གཏམ་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།