མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་ཟི་ལིང་དུ་འཚོགས།
2025.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་ཟླ1ཚེས17ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ང་བརྒྱད་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་ལིས་མེན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པར་མགོ་འཛིན་བྱས།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཕུལ་བའི་ཐེངས་འདིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་མི་དོན་གནས་ཚུལ་གྱི་རེ་ཞུ་སྐོར་གྱི་གསལ་བཤད་ལ་ཉན།

འདེམ་བསྐོ་བྱེད་རྩིས་ཡོད་པའི་འདེམ་མིས་ལས་འགན་མ་འཁུར་བའི་སྔོན་གྱི་གཏམ་བཤད་བྱས།

ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཧྥིན་ཁྲུན་གྱིས་ཕུལ་བའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྐོར་གྱི་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ཏུ་ཁྲིན་ཀང་གི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་མི་ཁུར་བའི་རེ་ཞུ་དང་ལེན་བྱེད་རྒྱུ་ཐག་བཅད་པ་མ་ཟད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཐོ་འགོད་བྱེད་པར་སྤྲད།

ཚོགས་ཐོག་ཏུ་ལའོ་ཏུང་ཁྲོན་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རུ་གསབ་འདེམས་བྱས།

ཚོགས་ཐོག་ཏུ་ཁྲིན་ཅི་ཝེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པར་བསྐོ་རྒྱུ་ཐག་བཅད།

ཚོགས་ཐོག་ཏུ་བརྡས་ཐག་བཅད་དེ་འབྲེལ་ཡོད་མི་དོན་བྱ་བར་གྲོས་འཆམ་བྱུང་།

ཚོགས་ཐོག་ཏུ་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་སོགས་གྲོས་ཚོགས་ལ་ཟུར་དུ་ཞུགས།

རིན་ཆེན་མཚོས་བསྒྱུར།