མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅུ་གསུམ་པས་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2025.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ1ཚེས17ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས། གོ་རིམ་རྗེས་མའི་གྲ་སྒྲིག་བྱ་བའི་ཐད་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་བསྡུ་བར་འགན་སྲུང་བྱེད་ཆེད། ཚོགས་ཆེན་གྱི་གྲ་སྒྲིག་ལས་ཁུངས་ཀྱི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་བྱས་པས། གྲ་སྒྲིག་བྱ་བ་སྣ་ཚོགས་ཧ་ལམ་ལེགས་འགྲུབ་བྱུང་ཡོད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློའི་སྟེང་ནས་ཧ་ཅང་མཐོང་ཆེན་བྱེད་པ་དང་། སྤྱི་ཡོངས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། རང་འགུལ་གྱིས་བསམ་གཞིགས་གཏོང་བ། ཕན་ལྡན་གྱི་བྱ་བའི་ངར་ཤུགས་དང་བྱ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས། འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་མཐོན་པོས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྤེལ་དགོས། ཚན་ཆུང་སོ་སོ་དང་སྡེ་ཁག་སོ་སོས་མགོ་ཁྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། ཡུལ་དངོས་ནས་རྙེད་པའི་གནད་དོན་ལ་ཟུང་འབྲེལ་བྱས་ཏེ། རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ་དང་དག་ཐེར་ལེགས་བཅོས་ལ་ཤུགས་སྣོན་པ། ལག་བསྟར་དམ་འཛིན་བྱེད་དགོས། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་ནུས་པ་ཇེ་ཆེར་བཏང་ནས། མཉམ་དུ་ཞབས་ཞུ་འགན་སྲུང་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། སྒྱིད་ལུག་དང་ལེ་ལོ་ཡི་བྱ་བའི་སྤྱོད་ཚུལ་ལ་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ།  གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་སྤྱོད་ཚུལ། གཟབ་ནན་གྱི་སྒྲིག་ཁྲིམས་ལ་བརྟེན་ནས་ཚོགས་ཆེན་གྱི་སྤྱོད་གཙང་སྲོལ་བཟང་ལ་ཁག་ཐེག་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།