ལའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་རྟོག་ཞིབ་བྱས།
2025.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ1ཚེས16ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་། སྒུལ་ཤུགས་དང་གསོན་ཤུགས་ལ་སྐུལ་སྤེལ་བྱེད་པ། མགྱོགས་མྱུར་སྒོས་ཁྱད་ལྡན་ཁྱད་སྟོབས་ཀྱི་དེང་རབས་ཐོན་ལས་མ་ལག་འཛུགས་པ། ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རིམ་པ་མཐོ་རུ་སྙེག་པ་མངོན་འགྱུར་བྱེད་དགོས།

ལའོ་ཏུང་ཁྲོན་སྔ་རྗེས་སུ་ཐེན་ཧི་འོད་ནུས(མཚོ་སྔོན)འོད་གློག་ཚད་ཡོད་ཀུང་སི་དང་།    མཚོ་སྔོན་ཧྥུ་ཏིས་གློག་རྡེའུ་ཚད་ཡོད་ཀུང་སི།    མཚོ་སྔོན་དུས་རབས་ནུས་ཁུངས་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཁེ་ལས་ཀྱི་འགྲེམས་ཁང་དང་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་དེ་ཉི་ནུས་འོད་ཤུགས་ལྷུ་ལག་དང་།    རྣམ་པ་གསར་པའི་སྒུལ་ཤུགས་གློག་རྡེའུ་ཐོན་སྐྱེད།    ལིས་གློག་ཐོན་ལས་འཕེལ་རྒྱས།    ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས་ཏེ།   ཁེ་ལས་ལ་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་དང་།    འཕེལ་རྒྱས་ཀྱི་ངེས་གནས་ཡང་དག་འཚོལ་བ།    རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ།    གོ་སྐབས་དམ་འཛིན་དང་ཧུར་བརྩོན་གྱིས་བྱ་སྤྱོད་སྤེལ་བ།    ཚན་རྩལ་གསར་གཏོད་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་།    ཐོན་ལས་བཀོད་སྒྲིག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ།    སྒྲིག་ཆས་གསར་སྒྱུར་དང་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ།    ཁེ་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ།    ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས་སྟོབས་ཆེར་གཏོང་བ།    ལྟེ་བའི་འགྲན་རྩོད་ནུས་པ་དངོས་གནས་ཇེ་དྲག་ཏུ་གཏོང་བ།  ཧུར་ཐག་གིས་མཐོ་སྒང་གི་ཐོན་ཁུངས་དང་ནུས་ཁུངས་ཁྱད་སྟོབས་ཁེ་ལས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་གང་ཐུབ་བྱས་ཏེ།    ཞིང་ཆེན་ཡོངས་ལ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཁེ་ལས་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་དང་གཙོ་གནད་ལ་དམིགས་ནས་དོན་དངོས་ཀྱི་དཀའ་ངལ་ཐག་གཅོད་དང་།    རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ།    རྗེས་འདེད་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ།    ཁེ་ལས་ལ་ཕན་པ་ཐོབ་པའི་སྲིད་ཇུས་སྣ་ཚོགས་གནད་ལ་འཁེལ་ཞིང་ཕན་ནུས་ལྡན་པའི་སྒོ་ནས་དོན་འཁྱོལ་བྱས་ཏེ། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་སྔར་ལས་ལེགས་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།

ཝང་ཝེ་ཏུང་དང་།    ཀྲང་ཅིན་ཀང་།    ལིའུ་ཁྲའོ་བཅས་རྟོག་ཞིབ་ཏུ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།