ཟླ1པའི་ཚེས17ཉིན་པེ་ཅིང་དུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་བྱས་ནས། ལོ་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་ཏེ། དེར་བཞུགས་དམག་དཔུང་གི་བློ་མཐུན་རྒན་པ་དང་དམག་དཔུང་ཡོངས་ཀྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པར་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས།
ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཟླ1ཚེས17ཉིན་པེ་ཅིང་དུ། པེ་ཅིང་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་བྱས་ནས། ལོ་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་ཏེ། དེར་བཞུགས་དམག་དཔུང་གི་བློ་མཐུན་རྒན་པ་དང་དམག་དཔུང་ཡོངས་ཀྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པར་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས།
ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། རྒྱལ་ས་པེ་ཅིང་གི་ག་ས་གང་དུ་སྤྲོ་སྣང་དང་འཆམ་མཐུན་གྱི་རྣམ་པས་ཡོངས་སུ་ཁེངས་ཡོད་ཅིང་། ཀྲུང་གོ་ཟློས་གར་ཁང་དུ་གློག་སྒྲོན་རྣམ་པར་གསལ་ཞིང་དྲོ་སྐྱིད་ལྡན་པའི་སྒོ་ནས་ཀྲུང་གོ་གསར་པ་བཙུགས་པ་དང་དེར་སྲུང་སྐྱོབ་བྱེད་པ། འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་བྱས་རྗེས་གལ་ཆེན་བཞག་མྱོང་བའི་པེ་ཅིན་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པ་མཉམ་འཛོམས་བྱས་ནས་མཉམ་དུ་ལོ་གསར་བསུས།
ཕྱི་དྲོའི་དུས་ཚོད་བཞིའི་སྟེང་དུ། ཞི་ཅིན་ཕིང་བློ་མཐུན་རྒན་རྣམས་ཀྱི་དཀྱིལ་དུ་སླེབས་སྐབས། ཚོགས་ཆེན་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བར་མེད་དུ་གྲགས། ཞི་ཅིན་ཕིང་གིས་ཚང་མར་བྱམས་བརྩེའི་ངང་ཕྱག་འཇུ་གནང་ནས་ཕན་ཚུན་ལ་འཚམས་འདྲི་གནང་བར་མ་ཟད། དེར་ཡོད་བློ་མཐུན་རྒན་པ་ཚོའི་ལུས་ཕུང་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་དང་འདྲི་རྩད་གནང་སྟེ། འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་ཐད་བརྒྱུད་མྱོང་བའི་སྤྱིར་བཏང་མིན་པའི་གོ་རིམ་དང་བླངས་པའི་གྲུབ་འབྲས་གལ་ཆེན་ལ་མཉམ་དུ་ཕྱིར་དྲན་བྱས། བློ་མཐུན་རྒན་པ་ཚོས་མགྲིན་གཅིག་ཏུ་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་ནན་མོ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཡང་དག་བླངས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་དང་། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱས་ཏེ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་ཆབ་སྲིད་ཀྱི་རང་མདངས་དུས་ནམ་ཡང་སྲུང་འཛིན་བྱས་ནས། ཡིད་ཆེས་བརྟན་གཏོང་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱའི་རིང་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་མཁྲེགས་གཏོར་དམག་འཐབ་མུ་མཐུད་དུ་ཡག་པོར་བརྒྱབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གང་ལེགས་འཇོག་རྒྱུ་ཡིན་ཟེར།
འཚམས་འདྲིའི་སྐབས་སུ་ལོ་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་ལ། ཀྲང་ཡིའུ་ཞ་དང་ཧི་ཝེ་ཏུང་། ལིའུ་ཀྲིན་ལིས། ཀྲང་ཧྲིན་མེན་བཅས་ཀྱིས་མཉམ་དུ་རིག་རྩལ་འཁྲབ་སྟོན་ལ་བལྟས།
བན་དེ་སྐྱབས་ཀྱིས་བསྒྱུར།