ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པས་གྲ་སྒྲིག་གྲོས་ཚོགས་བསྡུས།
2025.01.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

 ཟླ1ཚེས18ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་ཁང་ཆེན་མོ་རུ་གྲ་སྒྲིག་གྲོས་ཚོགས་བསྡུས།  ཚོགས་ཆེན་ལ་འཐུས་མི385འབྱོར་དགོས་པ་དང་། གྲ་སྒྲིག་གྲོས་ཚོགས་ལ་ཞུགས་པའི་འཐུས་མི355ཡོད་པ་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་། དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ལ་ཁྱོན་སྡོམ་གྲོས་རིམ་གསུམ་ཡོད་པ་སྟེ།

གཅིག  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་འདེམ་བསྐོ་བྱེད་པ།

གཉིས།  གྲོས་ཚོགས་ཀྱི་གྲོས་རིམ(འཆར་ཟིན)ལ་བརྡས་ཐག་གཅོད་པ།

གསུམ། འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་ཁྱབ་བསྒྲགས་བྱེད་པ་བཅས་རེད།

གྲོས་ཚོགས་སྟེང་རིམ་པ་བཞིན་གོང་གསལ་གྱི་གྲོས་རིམ་གསུམ་ལ་གྲོས་འཆམ་བྱུང་།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།