ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས།
2025.01.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ1ཚེས18ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཚོགས་འདུར་ཀྲུའུ་ཞི་ཚོགས་པའི་ཁོངས་མི72ཞུགས་དགོས་པ་དང་། མི69དངོས་སུ་ཚོགས་འདུར་ཞུགས་པས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཝང་ལིས་མེན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་རིམ་དྲུག་ཡོད་དེ།

གཅིག ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམས་བསྐོ་བྱེད་པ།

གཉིས། ཚོགས་འདུའི་ཉིན་རེའི་ལས་རིམ་གཏན་འབེབས་བྱེད་པ།

གསུམ། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འདེམས་བསྐོ་བྱེད་པ།

བཞི། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཐག་གཅོད་བྱེད་པ།

ལྔ། གྲོས་གཞི་དང་བྱེད་ཐབས་འཆར་ཟིན་ལ་བརྡས་ཐག་གཅོད་པ།

དྲུག འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ཐག་གཅོད་བྱེད་པ་བཅས་རེད།

ཚོགས་ཐོག་ནས་རིམ་པ་བཞིན་གོང་གསལ་གྱི་གྲོས་རིམ་དྲུག་ལ་གྲོས་འཆམ་བྱུང་།

བན་དེ་སྐྱབས་ཀྱིས་བསྒྱུར།