ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།
2025.01.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

ཟླ1པོའི་ཚེས17ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་དང་། རྒྱལ་ཡོངས་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་དྲ་འཕྲིན་བྱ་བར་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་ཏེ། 2025ལོའི་བྱ་བའི་ལས་འགན་དབྱེ་ཞིབ་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། 2024ལོར་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་མ་ལག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཤིང་། ནུས་ཤུགས་ཡོད་རྒུས་དྲ་རྒྱའི་བདེ་འཇགས་འགན་སྲུང་ནུས་པར་ཤུགས་བསྣན་ལ། ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཆུ་ཚད་སྔར་ལས་མཐོ་རུ་བཏང་བ་དང་། དྲ་རྒྱའི་བར་སྟོང་གི་ཁྲིམས་སྐྱོང་ཅན་གྱི་གོམས་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། དྲ་འཕྲིན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་བ་དང་། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་དང་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་སྒྲིལ་བའི་ལོ་ཡིན། ད་ལོའི་དྲ་འཕྲིན་བྱ་བ་ལེགས་པོར་བསྒྲུབ་དགོས་ཚེ། ངེས་པར་དུ་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་དགོས། བསམ་བློའི་དར་ཆ་མཐོན་པོར་བསྒྲེང་ནས། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། དྲ་ངོས་ཀྱི་དྲིལ་སྒྲོག་ལ་ཤུགས་བསྣན་ནས། དྲ་ངོས་ཀྱི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དུ་གཏོང་བ། ཕྱོགས་བསྡུས་ཇུས་འདོན་ལ་ཤུགས་བསྣན་ཏེ། དྲ་ངོས་ཀྱི་ཉེན་ཁ་དོགས་ཟོན་དང་སེལ་ཐབས་བྱེད་པའི་བྱ་བ་ཟབ་སྤེལ་བྱེད་པ། འགན་འཁྲི་གཙོ་བོ་དངོས་འབེབས་བྱས་ནས། དྲ་རྒྱ་ཆེན་མོའི་བདེ་འཇགས་བྱ་བའི་རྣམ་པ་བསྐྲུན་པ། ཁྲིམས་ལྟར་དྲ་རྒྱའི་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་དྲ་རྒྱ་དེ་ཁྲིམས་སྐྱོང་བགྲོད་ལམ་སྟེང་བདེ་ཐང་ངང་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ། སྐུལ་འདེད་སྣེ་ཁྲིད་ལ་དོ་སྣང་བྱས་ནས། གཞི་གྲངས་ཀྱི་ནུས་སྩོལ་ནུས་འཕར་འབུར་དུ་ཐོན་པར་བྱེད་པ། གཟབ་ནན་དངོས་བརྩོན་འབུར་དུ་ཐོན་པར་བྱས་ཏེ། བློ་དཀར་སྤྱོད་གཙང་ཁག་ཁུར་གྱི་དྲ་འཕྲིན་བྱ་བའི་རུ་ཁག་འཛུགས་པ་དང་། དྲ་འཕྲིན་བྱ་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་བཏོད་དགོས།

ལྷ་མོ་འཚོས་བསྒྱུར།