ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུས། ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་ནས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། ཁྱད་ལྡན་དགེ་མཚན་སྐྱེད་སྲིང་བྱེད་པ་ནས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་གང་ཐད་ནས་ཀྱང་འཕེལ་རྒྱས་ཀྱི་ལྗང་འདུས་ཚད་དང་གསར་འདུས་ཚད། གསེར་འདུས་ཚད་འབུར་དུ་ཐོན་ཡོད་པ་དང་། མཚོ་སྔོན་གྱི་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བཞིན་པའི་སྒང་རེད།
དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་བསྒྱུར་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནད་འགག་དུས་རིམ་ཡིན། ན་ནིང་གི་ཚུན་དུ། མཚོ་སྔོན་གྱིས་གནོན་ཐེག་མདུན་སྐྱོད་བྱས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་དཔལ་འབྱོར་འཁོར་རྒྱུག་བསྐྱར་འཕར་ལེགས་འཕེལ་ཡོང་བར་སྐུལ་འདེད་བཏང་ལ། དེའི་ཁྲོད་ཐོན་ལས་ལྗང་ཕྱོགས་གོང་འཕེལ་དང་གསར་ཕྱོགས་གོང་འཕེལ། གྲངས་ཕྱོགས་མཉམ་བསྲེས་བྱེད་པའི་ཐད་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས། མཚོ་སྔོན་རྒྱལ་ཡོངས་ཀྱི་ལྗང་མདོག་རྩིས་གློག་མཉམ་ལས་ཀྱི་ཚོད་ལྟ་ཞིང་ཆེན་དང་པོར་གྱུར་བ་དང་། ཟི་ལིང་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དེ་རྒྱལ་ཡོངས་ཀྱི་ལྗང་གློག་ཧ་ཡང་གི་འཁོར་ལོ་བཟོ་སྐྲུན་རྟེན་གཞི་དང་པོར་གྱུར་ལ། སྔོན་ཏག་ཏག་ལ། ཀྲུང་གོ་ལེན་ཐུང་ཨ་ལིས་སྤྲིན་ཝན་ཁ་ལྗང་མདོག་རྩིས་ནུས་རྣམ་གྲངས་ལག་བསྟར་བྱས་པ་དང་། དེས་རང་ཞིང་གིས་རང་བདག་ཚོད་འཛིན་གྱི་གཞི་ཁྱོན་ཆེན་བའི་རིག་ནུས་རྩིས་རྒྱག་གི་རྨང་གཞི་འཛུགས་སྐྲུན་སྟེང་མཆོང་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་པ་མཚོན།
ད་ལོར་མཚོ་སྔོན་གྱིས་ཚུལ་སྒྱུར་འཕེལ་རྒྱས་ལ་བརྟེན་ནས་སྒུལ་ནུས་གསར་བའི་ཁྲིད་ཕྱོགས་བཟོ་སྐྲུན་བྱས་པ་དང་། དེ་མིག་སྔར་གྱི་ཐོན་ལས་གནས་བཞི་དར་རྒྱས་གོང་འཕེལ་སོང་བར་འབྲེལ་བ་ཡོད་ལ། ལྗང་མདོག་རྩིས་ནུས་ཀྱི་མཉམ་ལས་རྗེས་ཐོན་དགེ་མཚན་ཉིན་རེ་བཞིན་མངོན་གསལ་ཡིན་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དེ་མགྱོགས་ལམ་དུ་ཞུགས། མཚོ་སྔོན་གྱི་སྔོག་འདོན་བྱས་ཆོག་པའི་སྦས་ཤུགས་ད་དུང་ཧ་ཅང་ཆེ་བ་དང་། ད་ལོར་ང་ཚོས་ཕྱོགས་ཡོངས་ལྗང་མདོག་ཚུལ་སྒྱུར་གྱི་གོ་སྐབས་དམ་འཛིན་བྱེད་པ་དང་། གསར་གཏོད་སྣེ་ཁྲིད་དང་བཅོས་བསྒྱུར་ཟབ་སྤེལ། གྲུབ་ཚུལ་ལེགས་བསྒྱུར། གསར་དར་སྐྱེད་སྲིང་བྱེད་པ་སོགས་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་གྱི་འཕར་སྣོན་གནས་སྔོག་འདོན་བྱས་ནས། འཕེལ་རྒྱས་དང་སྲུང་སྐྱོབ་གཉིས་མཐུན་སྦྱོར་མཉམ་གནས་ཡོང་བར་བྱེད་དགོས།
ཚོགས་ཆེན་གཉིས་ཀྱིས་ཚུལ་སྒྱུར་འཕེལ་རྒྱས་ཀྱི་སྒྲ་དྲག་པོ་བསྒྲགས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་སྲོལ་རྒྱུན་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བར་བྱེད་པའི་ཆོད་སེམས་མངོན་ཡོད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཞུའེ་ཐིན་གྱིས་བཤད་རྒྱུར། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ཁྲོད་ཕྱིར་བཏང་བའི་སྲིད་ཇུས་ཀྱི་བརྡ་རྟགས་ཀྱིས། ང་ཚོའི་ཁེ་ལས་ལ་སྐུལ་མ་དང་སྣེ་ཁྲིད། ཁ་ཕྱོགས་དང་ཡིད་ཆེས་བསྩལ་བ་དང་། ང་ཚོས་ད་ལོར་ལག་རྩལ་བསྒྱུར་བཀོད་དང་རིག་ནུས་ཅན་གྱི་རིམ་སྤོར། ཐོན་ལས་ཕྲེང་འབྲེལ་རྒྱུན་བསྲིང་བཅས་གཙིགས་འཛིན་བྱེད་པ་དང་། ཚོང་རྟགས་བསྐྲུན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ཡིན།
ལོ་གསར་བར་རྒྱང་ལྟ་བྱས་ན། མཐོ་སྒང་ས་ཆར་གསོན་ཤུགས་དང་རེ་བས་ཁེངས་ཡོད། ད་ལོར་ལྗང་གློག་ཕྱིར་སྐྱེལ་བགྲོད་ལམ་ཐད་ནས་ལེགས་པ་གཅིག་དང་འགོ་རྩོམ་གཉིས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། མཚོ་སྔོན་ནས་ཧི་ནན་གྱི་ཐད་རྒྱུག་གློག་སྐྱེལ་ནུས་པ་བརྟན་བརླིང་ངང་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་ནས་ཀོས་ལེན་གྱི་ཐད་རྒྱུག་ལྗང་གློག་ཕྱིར་སྐྱེལ་བཟོ་སྐྲུན་འགོ་རྩོམ་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།