ལའོ་ཏུང་ཁྲོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མགོ་ལོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2025.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ1ཚེས20ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མགོ་ལོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནམ་ཡང་ཡིད་ལ་བརྟན་པོར་འཛིན་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བྱ་བའི་བཀོད་སྒྲིག་ལྟར། ལས་སྒྲུབ་གཙོར་འཛིན་དང་འགན་འཁྲི་ཕྲག་ལེན། འགན་ཤེས་དོན་འཁྱོལ་བྱེད་པའི་ཁྲིད་ཕྱོགས་བརྟན་པོ་འཛུགས་པ།  འཕེལ་རྒྱས་ཀྱི་གཙོ་རྒོལ་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་པ། ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞིའི་སྟེང་ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆའི་ཚོད་ལྟ་ཁུལ་མྱུར་དུ་འཛུགས་སྐྲུན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་མགོ་ལོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་དགོས།

གྲོས་ཞིབ་བྱེད་སྐབས། ལིའུ་པོ་ལེན་དང་ཉིན་ཧའེ་དབྱིན། ཡེ་ཝན་པེན། རིན་ཆེན་སྒྲོལ་མ། སྒྲོལ་མ་དོན་གྲུབ་སོགས་འཐུས་མིས་མྱོང་ཚོར་གླེང་བ་དང་གྲོས་གཞི་བཏོན་ཞིང་འཕེལ་རྒྱས་གླེང་བ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་སྲིད་གཞུང་བྱ་བར་གདེང་འཇོག་ཚད་མཐོན་པོ་བྱས། ཁོ་ཚོས་མཐའ་གཅིག་ཏུ་བྱ་བའི་སྙན་ཞུའི་ལངས་གནས་མཐོ་བ་དང་བསམ་ཕྱོགས་གསལ་ཞིང་། བྱེད་ཐབས་བཟང་ལ། ཡིད་ཆེས་ཆེར་བསྐྱེད་པ་དང་མི་ལ་སྐུལ་མ་ཐེབས་པའི་སྙན་ཞུ་བཟང་བོ་་ཞིག་ཡིན་པས། ཧ་ཅང་འཐད་པ་ཡིན་ཟེར། དེ་དང་མཉམ་དུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དང་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྐོར་ཐེངས་གསར་པའི་གཏེར་འཚོལ་འགག་སྒྲོལ་འཐབ་ཇུས་འགུལ་སྐྱོད་སྤེལ་བ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྐྱེ་ཁམས་གནས་སྐོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་སོགས་ལ་དམིགས་ནས་གྲོས་གཞི་བསམ་འཆར་བཏོན། ལའོ་ཏུང་ཁྲོན་གྱིས་ཚང་མ་དང་བརྗེ་རེས་ཟབ་མོ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་གྲོས་གཞི་བསམ་འཆར་ལ་ཞིབ་འཇུག་དང་བསྡུ་ལེན་བྱས་ནས། བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།

ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། བརྟན་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩོལ་ནུས་ཆེར་བསྐྱེད་པ། དུས་ཚོད་དམ་འཛིན་བྱེད་པར་རྐང་བཙུགས་ནས། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཕྱོགས་སོ་སོའི་རྒྱུ་རྐྱེན་བཟང་བོ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་བར་འབད་འཐབ་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་གོང་འཕེལ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། ད་ལོའི་བྱ་བའི་སྤྱིའི་རེ་བ་དང་སྔོན་དཔག་དམིགས་འབེན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ལག་བསྟར་ཁྲོད་དངོས་སྒྲུབ་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། གཙོ་རྒོལ་ཁ་ཕྱོགས་འབུར་དུ་ཐོན་པར་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དམངས་ཀྱི་འདོད་བློ་དང་བསྟུན་པ། སྔར་ལས་དོ་སྣང་བྱེད་པ་ལྔའི་བསམ་ཕྱོགས་བྱེད་ཐབས་ལག་ལེན་ཐབས་ལམ་ལ་རྒྱུས་ལོན་ཡང་དག་བྱེད་པ། ཞིབ་སྒྱུར་དངོས་སྒྱུར་ཁྲོད་བྱ་བའི་སྤུས་འབྲས་སྔར་ལས་ཇེ་མཐོར་གཏོང་བ། དམིགས་འབེན་རེ་རེའི་ཐད་ནས་འཛིན་བྱེད་ཡོད་པ་དང་ལས་འགན་རེ་རེའི་ཐད་ནས་བྱེད་ཐབས་ཡོད་པ། བྱ་བ་རེ་རེའི་ཐད་ནས་ཇུས་གཞི་ཡོད་པར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས།

ལའོ་ཏུང་ཁྲོན་གྱིས་མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་ལེགས་བརྩོན་བྱེད་པ། དགེ་མཚན་ཁྱབ་ཁོངས་དང་ཞན་ཆ་མི་འདང་སར་དབྱེ་ཞིབ་ཟབ་མོ་བྱེད་པ། སྐྱེ་ཁམས་བདེ་འཇགས་དང་ལྗང་མདོག་འཕེལ་རྒྱས། མཐུན་སྒྲིལ་བརྟན་འཇགས་བཅས་དཀྱིལ་སྙིང་ལས་འགན་གསུམ་གཙིགས་འཛིན་བྱས་ནས། མགོ་ལོག་གི་བྱ་བ་སྣ་ཚོགས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་པ་གཙོ་གནད་དུ་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བཙོག་བཟོ་འགོག་བཅོས་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་མངོན་པར་བྱེད་དགོས། ཁྱད་ལྡན་དགེ་མཚན་ཐོན་ཁུངས་རྒྱབ་རྟེན་དུ་བྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་དེ་ཐོན་ལས་གཙོ་བོ་འཕེལ་རྒྱས་སུ་གཏོང་བ། དག་གཙང་ནུས་ཁུངས་དེ་གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། མཐོ་སྒང་གི་རིག་གནས་ཡུལ་སྐོར་ཁྱད་ལྡན་ཐོན་ལས་ཇེ་ལེགས་སུ་བཏང་སྟེ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་འཕེལ་རྒྱས་གཏོང་བའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་མངོན་པར་བྱེད་དགོས། ཐུན་མོང་འབྱོར་ཕྱུག་དམིགས་འབེན་དུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་གསོ་ཁྱབ་གདལ་དུ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བ། རོང་འབྲོག་དམངས་ཀྱི་ལས་ཞུགས་ཡོང་འཕར་བྱ་བ་རྒྱུན་མཐུད་ངང་དམ་འཛིན་བྱེད་པ། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པ། སྤྱི་ཐུན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་ནས། དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་མངོན་པར་བྱེད་དགོས། བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ཚད་མཐའ་རུ་བརྩི་བ་དང་། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་གཏན་འཇགས་ཡུན་ཕན་དམ་འཛིན་བྱེད་པ། དུས་ཐོག་ཏུ་འགལ་རྩོད་ཐག་གཅོད་པ། ཉེན་ཁ་འགོག་ཟོན་བྱས་ཏེ། བདེ་འཇགས་འཛུགས་སྐྲུན་བྱེད་པའི་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་མངོན་པར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།