ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དང་པོ་འཚོགས།
2025.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ1ཚེས20ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་ཞའོ་ཅུན་དང་། ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་སུ་ཞུགས།

ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་ལའོ་ཏུང་ཁྲོན་ཟུར་ཞུགས་བྱས།  ཚོགས་འདུར་བསྡོམས་པས་གྲོས་རིམ་གསུམ་ཡོད།

གཅིག ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་ཐག་གཅོད་བྱེད་པའི་བསམ་འཆར་སྐོར་གྱི་སྙན་ཞུར་ཉན་པ།

གཉིས། སྲིད་གཞུང་དང་འཆར་གཞི། སྔོན་རྩིས་བཅས་ཀྱི་སྙན་ཞུར་བཟོ་བཅོས་བྱས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ།

གསུམ། སྲིད་གཞུང་དང་འཆར་གཞི། སྔོན་རྩིས་བཅས་ཀྱི་སྙན་ཞུའི་གྲོས་ཆོད་འཆར་ཟིན་བཏོན་ནས་གྲོས་བསྡུར་བྱེད་པ་བཅས་རེད།

ཤ་བོ་རིན་མཚོས་བསྒྱུར།