ཟླ1ཚེས20ཉིན། ཞིང་ཆེན་སྲིད་གྲོས་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་འདོན་ཞིབ་བཤེར་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་འདུའི་སྟེང་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་འདོན་བྱ་བས་སྤུས་ཚད་སྔོན་ལ་འཛིན་པར་གཡོ་འགུལ་མི་གཏོང་བ་དང་། བདེན་སྲུང་གསར་གཏོད་མཚམས་མི་འཇོག་པ། འགན་འཁྲི་སྒྲུབ་རྒྱུ་ལྷོད་གཡེང་དུ་མི་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས་གྲོས་འདོན་བྱ་བའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་གྲོས་གཞིའི་སྤུས་ཚད་དང་། ཐག་གཅོད་སྤུས་ཚད། ཞབས་ཞུའི་སྤུས་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་ལ། འབྲེལ་ཡོད་བྱ་བར་རྒྱལ་ཡོངས་སྲིད་གྲོས་མགོ་ཁྲིད་ཀྱིས་ཁས་ལེན་བྱས་པ་དང་། གྲོས་འདོན་བྱ་བར་གསར་གཏོད་དང་། ཁྱད་ཆོས། ཕན་འབྲས་ལྡན། གྲོས་འདོན་བྱ་བ་ནི་མི་དམངས་སྲིད་གྲོས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། སྲིད་གྲོས་ཀྱི་གྲོས་འདོན་བྱ་བ་ལེགས་པོར་སྒྲུབ་པའི་ལས་འགན་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་བ་དང་། གྲོས་འདོན་བྱ་བ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་བྱ་བ་ཟུང་འབྲེལ་བྱས་ཏེ། ཐབས་ཇུས་ལ་ཞབས་འདེགས་ཞུ་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་བཅོས་བྱེད་པའི་ཁྲོད་ཀྱི་ནུས་པ་སྔར་ལས་ལེགས་པར་འདོན་དགོས། ཐོག་མཐའ་བར་གསུམ་དུ་གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཨང་དང་པོར་བཞག་སྟེ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཁོངས་ཞུགས་ལས་ཁུངས་སོ་སོར་སྐུལ་སློང་དང་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། “མཐོ་ས”འཛུགས་སྐྲུན་དང་། “གནས་བཞི”འཛུགས་སྐྲུན། སྤུས་གསར་ཐོན་སྐྱེད་ནུས་ཤུགས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཐད་ཀྱི་དཀའ་གནད་ལ་དམིགས་ནས་བརྗོད་གཞི་གནད་འཁེལ་འདེམས་པ་དང་དངོས་གཉེར་གྲོས་གཞི་འདོན་དགོས། གྲོས་གཞི་སྒྲུབ་པའི་ཕན་འབྲས་དངོས་སུ་ཇེ་ཆེར་གཏོང་བ་དང་། ཏང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱ་རྒྱུར་མཐོང་ཆེན་བྱེད་པ། སྒྲུབ་འགན་འཁུར་བའི་ལས་ཁུངས་ཀྱིས་བློ་ཞིབ་མོས་དོན་འཁྱོལ་བྱེད་པ། སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་ཚོས་མཐུན་སྦྱོར་ངང་ནུས་ཤུགས་འདོན་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།
ཟླ1ཚེས20ཉིན་བར་ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཁྱོན་བསྡོམས་གྲོས་གཞི402འབྱོར་བ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི318ཐོ་འགོད་བྱ་རྒྱུའི་གྲོས་འགོ་བཏོན།
ཤ་བོ་གསེར་མཚོས་བསྒྱུར།