གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཡུལ་དངོས།
ཟླ1ཚེས20ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་བརྩོན་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་འབད་པ་ཆེན་པོས་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་ཅེས་པ་བརྗོད་གཞིར་བཟུང་སྟེ་གསར་འགྱུར་ཁྱབ་བསྒྲགས་བྱས།
སྒྲོག་སྤེལ་ཚོགས་ཐོག་ཏུ། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ་ཏིན་ཧྲིན་ཕིན་དང་། ཞིང་ཆེན་སྲིད་གྲོས་མི་ཤུགས་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཅེ། ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧྭ་ཕིང་། ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧྭ་ཕིང་བཅས་ཀྱིས་སོ་སོར་སྲིད་གྲོས་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་མཚོ་སྔོན་དར་སྤེལ་ལ་ཞབས་འདེགས་ཞུ་བ་བརྗོད་གཞིར་བཟུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འབད་པས་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལག་ལེན་ཐད་རིག་སྟོབས་གཅིག་སྡུད་བྱེད་པ་དང་། སེམས་སུ་ནམ་ཡང་སེམས་སུ་རྒྱལ་དོན་གྱི་ཆེ་ཕྱོགས་གཉེར་བ། དམངས་གཙོ་གྲོས་མོལ་གྱི་ལག་ལེན་གཏིང་ཟབ་ཏུ་སྤེལ་བ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ཟབ་མོ་བྱས་ཏེ། མཚོ་སྔོན་གྱི་རིག་གནས་དར་རྒྱས་འཕེལ་རྒྱས་གཏོང་ཆེད་རོགས་ཤུགས་འདོན་པའི་བརྗོད་གཞིར་དམིགས་ནས། ལོ་གཅིག་རིང་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་བྱ་བའི་གྲུབ་འབྲས་གཙོ་བོ་དང་གྲོས་མོལ་གྲུབ་འབྲས་དངོས་དོན་དུ་བསྒྱུར་བའི་གནས་ཚུལ་མཚམས་སྦྱོར་བྱས།
ལོ་གཅིག་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་ཏུ། ཏང་སྲིད་ཀྱི་དགོས་མཁོ་དང་འཕེལ་རྒྱས་དགོས་མཁོ། མང་ཚོགས་ཀྱི་རེ་ལྟོས་བཅས་ལ་དམིགས་ཏེ། བློ་འདོན་ཇུས་འབུལ་དང་། བྱེད་ཐབས་དོན་ལྡན་དང་འཕེལ་རྒྱས་འཆར་འགོད་བྱས་ནས་ལས་དོན་ཁག་སོ་སོར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྲིད་གྲོས་ཀྱི་བྱེད་ཕྱོགས་དང་སྲིད་གྲོས་ཀྱི་སྟོབས་ཤུགས་ཕུལ་ཡོད།
གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཚོགས་ཆེན་དྲུང་ཡིག་ཁྲུའུ་དྲིལ་སྒྲོག་ཚན་ཁག་གི་ཚན་གཙོ་གཞོན་པ་ཧྥིན་ཆིན་དབྱི་ཡིས་མགོ་འཛིན་བྱས་པ་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གསར་འགྱུར་ལས་ཁུངས་དང་། ཞིང་ཆེན་གྱི་གསར་འགྱུར་སྨྱན་བྱད་ཀྱི་ཚོགས་ཞུགས་གསར་འགོད་པ་ཞུགས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།