《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་སློབ་སྦྱོང་སྐོར་གྱི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས།
2025.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་ལག་བསྟར་ཟམ་མི་ཆད་པར་བྱེད་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་རྩ་འཛུགས་བྱས་ཏེ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་སློབ་སྦྱོང་སྐོར་གྱི་དྲི་བ་དྲིས་ལན》ཞེས་པ་དེ་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་སྒོས་པར་སྐྲུན་བྱས་ཡོད་ལ། དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

《དྲི་བ་དྲིས་ལན》གྱིས་དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་དང་འཕེལ་རྒྱས་གོམ་སྟབས་དང་སྒོ་ཀུན་ནས་བསྟུན་ཏེ། གཞུང་ལུགས་ཀྱི་གནད་དོན་གླེང་གཞི་མང་ཤོས་དང་དཀའ་གནད་ཆེ་ཤོས་ལ་དམ་པོར་དམིགས་ནས། སྤྱི་ཚོགས་ཀྱི་དོ་སྣང་དོ་ཁུར་ལ་ཨ་ལན་སྟེར་བ། དྲི་བ་དྲིས་ལན་གྱི་རྣམ་པས་མ་ལག་ཆ་ཚང་བ་དང་ཞིབ་གསལ་གཏིང་ཚུགས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་དོན་སྙིང་གལ་ཆེན་དང་ཚན་རིག་གི་མ་ལག བརྗོད་སྙིང་དགོངས་སྙིང་། ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་གྱི་བླང་བྱ་བཅས་གསལ་སྟོན་བྱས་ཏེ། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་ནན་མོ་བྱས་ནས་གོ་བ་མ་ནོར་བ་ལེན་རྒྱུ་དང་། སྔར་ལས་རང་རྟོགས་སྒོས་རང་ཉིད་ཀྱི་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་ཐོགས་ངེས་ཅན་ཡོད། 《དྲི་བ་དྲིས་ལན》ལ་ཁྱོན་བསྡོམས་དུམ་ཚན་བཅུ་དང་གནད་དོན་ལྔ་བཅུ་ཡོད་ཅིང་། དེབ་འདིའི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་གསར་པ་ཡིན་པ། ཡི་གེ་དང་དཔེ་རིས་ཟུང་འབྲེལ་ཡིན་པ། གོ་སླ་འཛིན་བདེ་ཡིན་པ་བཅས་ཀྱི་ཁྱད་ཆོས་ཀུན་ནས་རྫོགས་པར་བརྟེན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱེད་པར་ཕན་པའི་ཀློག་དེབ་བཟང་བོ་ཞིག་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།