ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཚོགས་པས་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2025.01.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ1ཚེས21ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཚོགས་པས་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།     ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ལིས་མེན་དང་། དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ།    ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུར་བཟོ་བཅོས་བརྒྱབ་པའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་བཏོན་པ་མ་ཟད་གྲོས་བསྡུར་བྱས། ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གྲོས་བསྡུར་སྒྲིག་སྲོལ་འཆར་ཟིན་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན་པར་མ་ཟད། གྲོས་བསྡུར་སྒྲིག་སྲོལ་འཆར་ཟིན་གྱི་གྲོས་གཞིའི་བརྡས་གཅོད་མ་ཡིག་བཏོན་པ་དང་གྲོས་བསྡུར་བྱས།

ཤ་བོ་རིན་མཚོས་བསྒྱུར།