ཟླ1ཚེས21ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་མིས་ཚན་ཁག་བགོས་ནས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཚང་མས་གཏམ་བཤད་དེ་རང་རང་གི་ལྟ་ཚུལ་ལྷུག་པོར་བརྗོད།
འཐུས་མི་ཚོས་གྲོས་ཞིབ་བྱེད་སྐབས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་བླང་བྱ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད་དོན་འཁྱོལ་ནན་མོ་བྱས་ཏེ། གྲུབ་འབྲས་སྤྱི་བསྡོམས་དང་འཆར་འགོད་བྱ་བའི་གཙོ་གནད་གསལ་བ། གཞི་གྲངས་དང་གྱོད་དཔེ། གྲུབ་འབྲས་དང་གསར་གཏོད་བཅས་ཡོད་པས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཁྲིམས་འཛིན་དང་། ཁྲིམས་སྐྱོང་བཅས་ཀྱི་འགན་འཁུར་བའི་འདུ་ཤེས་མངོན་པ། མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ལག་བསྟར་བྱེད་པ། གྱོད་སྒྲུབ་སྤུས་ཚད་མཐོ་རུ་གཏོང་བའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་མངོན་པ་རེད།
འཐུས་མི་ཚོས་འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས“དྲང་གཞག་དང་ལས་ཕྱོད”ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་ནས་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཁྲིམས་ལྟར་ལྟེ་གནས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ལག་བསྟར་གཏིང་ཟབ་བྱེད་པ། གྱོད་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་ཏན་ཏིག་གིས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་རྒྱུན་མཐུད་སྒོས་ཤུགས་སྣོན་དགོས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་ཁྲིམས་འཛིན་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱ་རྒྱུར་དམིགས་ནས་ཆབ་སྲིད་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་པ། དངོས་གནས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། ནུས་ཤུགས་ཡོད་རྒུས་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།
ཤ་བོ་རིན་མཚོས་བསྒྱུར།