རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་མགོ་ཁྲིད་ཚན་ཆུང་དང་། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་རྒྱལ་ཆེའི་དཔོན་དམག་དང་དམིགས་སྐྱོང་བྱ་ཡུལ་ལ་འཚམས་འདྲིའི་འཕྲིན་ཡིག་སྐུར།
2025.01.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་མགོ་ཁྲིད་ཚན་ཆུང་། དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་མི་དམངས་བཅངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་རུ་ཁག་གི་དཔོན་དམག  དམག་དཔུང་གི་རིག་གནས་ལས་བྱེད་མི་སྣ། དམག་ཞུགས་གྲ་སྒྲིག་མི་སྣ། དམངས་དམག། སྔོན་བཤེགས་དཔའ་བོའི་ཁྱིམ་མི། དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་དང་དམིགས་སྐྱོང་བྱ་ཡུལ་གཞན་པ་བཅས་ལ་འཕྲིན་ཡིག་སྐུར་ཏེ། ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།

འཚམས་འདྲིའི་འཕྲིན་ཡིག་ཁྲོད་བཤད་རྒྱུར། 2024ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཡིད་ཆེན་བརྟན་པོ་དང་ཧུར་བརྩོན་འབད་འཐབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་གི་ལེའུ་བརྩམས་ཡོད། 2024ལོར་ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་དང་། སྤྱི་མཐུན་རྒྱལ་ཁབ་ཀྱི་རེས་སྐྱིད་རེས་སྡུག་གི་འགྱུར་ལྡོག་ལ་ཕྱིར་བལྟ་བྱས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ་བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་འབོད་སྐུལ་བཏང་ཞིང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་སྤྱིར་བཏང་ཞིག་མིན་ལ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ངར་སེམས་བསྐྱེད་ཐུབ། རྒྱལ་ནང་གི་སྤྱིའི་ཐོན་རིན་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གསུམ་གྱི་སྔོན་རྩིས་ལས་བརྒལ་བ་དང་། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་གཅིག་དང་ས་ཡ་བཞི་ལས་བརྒལ། འདུས་གྲུབ་གློག་ལམ་དང་མིས་བཟོས་རིག་ནུས། ཆ་རྡུལ་ཆ་འཕྲིན་སོགས་ཁྱབ་ཁོངས་ནས་གྲུབ་འབྲས་གསར་པ་ལོན། ཟླ་བའི་ལྷ་མོ་ཨང་དྲུག་པས་ཐོག་མར་ཟླ་བའི་རྒྱབ་ངོས་ཀྱི་འདྲ་པར་བླངས། ལུགས་རྙིང་ལོ་སར་དང་པེ་ཅིང་འཁོར་ལམ་བར་མ་རིག་གནས་ཤུལ་བཞག་ཁྲོད་འཇོག་པའི་རེ་ཞུ་ལེགས་འགྲུབ་བྱུང་། ཨོ་རྩལ་འགྲན་ཚོགས་ཀྱི་ཕུལ་བྱུང་ལུས་རྩལ་པས་ཕྱི་རྒྱལ་ཏུ་འགྲན་སྡུར་གྱི་གྲུབ་འབྲས་བཟང་པོ་བླངས། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པ་གཏིང་ཟབ་ནས་གཏིང་ཟབ་ཏུ་ཕྱིན་པ་སོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོམ་སྟབས་བརྟན་པོ་གསར་དུ་སྤོ་ཐུབ་ཡོད། 2024ལོར་མི་དམངས་དམག་དཔུང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པའི་མཛུབ་སྟོན་འོག དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཐབས་ལག་བསྟར་བྱས་པ་དང་། ཆབ་སྲིད་འགན་སྲུང་ཤུགས་དྲག་ཏུ་བཏང་ལ། འཕེལ་རྒྱས་སྤུས་ནུས་མཐོར་འདེགས་བཏང་ཞིང་དམག་སྦྱོང་དམག་གྲབས་ལ་ཤུགས་བསྣན་པ་དང་། དམག་ཁུལ་གྱི་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འགག་སྒྲོལ་བྱས་ཡོད་ཅེས་འཁོད་འདུག

འཚམས་འདྲིའི་འཕྲིན་ཡིག་ནང་བསྟན་དོན། འདས་ཟིན་པའི་ལོ་གཅིག་ལ་ཕྱིར་བལྟ་བྱས་ཚེ། མི་དམངས་བཅངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་རིག་གནས་ལས་བྱེད་མི་སྣ། དམག་ཞུགས་གྲ་སྒྲིག་མི་སྣ། དམངས་དམག་བཅས་ཀྱིས་བློ་རྩ་བརྟན་པོ་ཏང་ལ་ཕྱོགས་ཤིང་བློ་དཀར་གྱིས་འོས་འགན་ཕྲག་ཏུ་བླངས་ཏེ། ཁ་ཆར་བུ་ཡུག་ཁྲོད་དམག་སྦྱོང་དམག་གྲབས་དང་རྒྱང་དུ་བསྐྱོད་ནས་མཐའ་མཚམས་བརྟན་སྲུང་བྱས་ཤིང་། ཉེན་སྐྱོབ་གནོད་སྐྱོབ་ཁྲོད་གདོང་མཆོང་མཁན་བྱས་ནས་དམངས་ལ་ཕན་བདེ་བསྐྲུན་པས། དུས་རབས་གསར་པའི་མི་དམངས་དམག་དཔུང་གིས་ཏང་ལ་བློ་དཀར་དང་འཐབ་ཕོད་ཅིང་འཐབ་མཁས་བྱེད་པ་དང་། འབད་འབུངས་ཡར་བརྩོན་བྱེད་པའི་ངར་ཤུགས་དྲག་པོ་གང་ལེགས་སྒོས་མངོན་ཡོད། སྔོན་བཤེགས་དམག་མིའི་ཁྱིམ་མིས་རང་སྟོབས་རང་སྤེལ་དང་སྤྱི་ཡོངས་བསམ་པ། བརྩེ་བ་ཆེན་པོའི་དང་དོད་ཀྱིས་དམག་དཔུང་སྟོབས་ལྡན་བསྐྲུན་པའི་ལས་དོན་གྱི་མདུན་ལྗོངས་རྒྱ་ཆེན་བཏོན་པར་རོགས་རམ་གནང་ཡོད། དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་དང་དམིགས་སྐྱོང་བྱ་ཡུལ་གཞན་པས་སེམས་སུ་རྒྱལ་ཁབ་ཉར་བ་དང་ཐོག་མའི་བསམ་འདུན་མ་བསྒྱུར་བར། འཐབ་ཡུལ་སོ་སོ་ནས་ཏང་གི་དཀའ་ངལ་སེལ་ཞིང་རྒྱལ་དོན་དུ་བྱས་རྗེས་འཇོག་པ་དང་དམངས་ལ་ཞབས་འདེགས་ཞུ་དགོས། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རླབས་ཆེན་བསྐྱོད་ལམ་སྟེང་། ཁྱེད་ཅག་གི་བྱས་རྗེས་ནི་ཧ་ཅང་རྩ་ཆེ་བ་ཞིག་དང་ཁྱེད་ཅག་གི་བྱས་འབྲས་འོད་དུ་འཚེར་ཡོད་པས་སྤྱི་ཚོགས་ཡོངས་ཀྱིས་བསྟོད་བསྔགས་བརྩི་བཀུར་བྱས་པ་མིང་དོན་དང་མཚུངས་ཡོད་ཅེས་བསྟན་ཡོད།

འཚམས་འདྲིའི་འཕྲིན་ཡིག་ནང་ལོ་གསར་བའི་ནང་དུ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རིང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ནས། སེམས་ཤུགས་གཅིག་སྒྲིལ་དང་བརྩོན་སེམས་རྒྱས་པ། རླུང་བརྟེན་རླབས་གཤགས་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་བཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བཤད་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།