ཟླ1ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གྱི་ལས་འཁུར་སྦྱོང་བརྡར་བྱ་བའི་སྤྱི་སྡོམ་གྲོས་ཚོགས་དང2025ལོའི་ལས་འཁུར་སྦྱོང་བརྡར་ལས་བྱེད་པའི་སྐྱེལ་མ་ཚོགས་འདུ་ཟི་ལིང་དུ་བསྡུས།
ཚོགས་ཐོག་ནས2024ལོའི་ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གྱི་ལས་འཁུར་སྦྱོང་བརྡར་བྱ་བར་སྤྱི་སྡོམ་བྱས་པ་དང་། 2024ལོའི་ལས་འཁུར་སྦྱོང་བརྡར་བྱེད་པའི་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། རང་འགུལ་གྱིས་ལས་འཁུར་སྦྱོང་བརྡར་ལས་ཁུངས་ཀྱི་སྲིད་ཇུས་གལ་ཆེན་གྱི་བརྟག་བཤེར་ཞིབ་འཇུག་དང་བྱ་བ་གཙོ་བོའི་རྩ་འཛུགས་མཐུན་སྦྱོར་ཁྲོད་ཞུགས་ལ། འཇོན་ནུས་ཇེ་ཆེར་བཏང་བ་དང་། བྱ་བ་བཟང་བོར་བསྒྲུབས་ནས། རང་ཞིང་དང་སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཟམ་ཐག་གི་ནུས་པ་འདོན་སྤེལ་བྱས་པ་དང་། མཚོ་སྔོན་གྱི་ལས་བྱེད་པའི་འགན་འཁྲི་ཁག་ཁུར་དྲག་པོ་དང་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་མངོན་པར་བྱས།
ཚོགས་ཐོག་ནས། 2025ལོར་འགན་ཁུར་རྩིས་ཡོད་པའི་ལས་འཁུར་སྦྱོང་བརྡར་ལས་བྱེད་པས་སེམས་པ་རྣམ་དག་བྱེད་པ་དང་། ཐོས་བསམ་སྤྱོད་ཤེས་བྱེད་པ། ཆབ་སྲིད་གླེང་བ་དང་སྒྲིག་ལམ་བརྩི་སྲུང་བྱེད་རྒྱུ་དེ་ལས་འཁུར་སྦྱོང་བརྡར་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། འཇོན་ནུས་དངོས་དང་བསམ་ཕྱོགས་གསར་བ། དངོས་སྒྲུབ་བྱེད་ཐབས་སློབ་སྦྱོང་བྱས་ནས། མཚོ་སྔོན་གྱི་ལས་བྱེད་པའི་སྣང་བརྙན་གསར་བར་སྲུང་སྐྱོང་བྱེད་དགོས། ལས་འཁུར་སྦྱོང་བརྡར་ལས་བྱེད་པ་མངག་གཏོང་བྱེད་པའི་ལས་ཁུངས་ཀྱིས་དུས་ཐོག་ཏུ་ལས་འཁུར་སྦྱོང་བརྡར་བྱེད་པའི་ལས་བྱེད་པའི་འགུལ་རྣམ་ཁོང་དུ་ཆུད་པར་བྱེད་པ་དང་། སེམས་ཁུར་གཟིགས་སྐྱོང་བྱ་བ་བཟང་བོར་སྒྲུབ་སྟེ། ལས་འཁུར་སྦྱོང་བརྡར་ལས་བྱེད་པས་སེམས་བདེ་མོས་ལས་འཁུར་སྦྱོང་བརྡར་བྱེད་པ་དང་སེམས་རྣལ་ལ་ཕབ་ནས་ལས་འཁུར་སྦྱོང་བརྡར་བྱེད་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།