ཟླ1ཚེས24ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་སྲིད་གཞུང་གི་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ། ལས་སྒྲུབ་གཙོར་འཛིན་པ་རྒྱུན་འཁྱོངས་དང་། འབད་འཐབ་ཡར་བརྩོན་དང་མཁྲེགས་གཏོར་དཀའ་སེལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་གཏན་ཕབ་གཉིས་ལ་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་མཐའ་གཅིག་སྒྲུབ་ཐུབ་པར་བྱེད་དགོས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་པོ་དང་འབྲེལ་བ་ཡོད་པ་ངོས་འཛིན་ཟབ་མོ་བྱས་ཏེ། སྲུང་སྐྱོབ་གཙོ་བོ་དང་བཅོས་སྐྱོང་གཙིག་འཛིན་བྱེད་པའི་འཐབ་ཇུས་བླང་བྱ་ཁོང་དུ་དམ་པོར་ཆུད་པར་བྱེད་པ། འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱ་བའི་ལས་གཞི་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། རྨ་ཆུ་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་གཏོང་བ་དང་། མགོ་ཁུངས་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ་དང་བཞུར་རྒྱུན་ཁག་ཁུར་ཤུགས་དྲག་ཏུ་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་མཉམ་དུ་ལུགས་རྙིང་ལོ་སར་བསུ་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོ་ཁྲིམས་ལུགས་སློབ་ཚོགས་ཀྱི་རྒྱལ་ཡོངས་ཁོངས་མི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པར་སྤྲིངས་པའི་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ལ་མགོ་ཁྲིད་བྱེད་པའི་གཞི་རྩའི་ཁྱད་ཆོས་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་གྱིས་ལས་དོན་སྤེལ་བར་སྔར་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ། ཚད་ཆེས་ཆེ་བའི་སྒོ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཚན་རིག་ཁྲིམས་འཛུགས་དང་ཁྲིམས་བསྟར་ནན་མོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཁྲིམས་སྲུང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། སྲིད་གཞུང་བྱ་བ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་སྤེལ་ཐུབ་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ཟླ1ཚེས17ཉིན་བསྡུས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ལས་ཞུགས་ལས་གནས་སྔོག་འདོན་དང་རྒྱ་བསྐྱེད་པར་ཤུགས་སྣོན་པ་དང་། གཙོ་གནད་ཚོགས་ཁག་གི་ལས་ཞུགས་རོགས་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ། ལས་རིགས་རྩལ་ནུས་གསོ་སྦྱོང་གི་ནུས་ཚད་ཤུགས་དྲག་ཏུ་བཏང་སྟེ་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་ཐུབ་པར་འབད་པ་ཆེན་པོས་སྐུལ་འདེད་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་བཟོ་བསྐྲུན་ལག་བསྟར་བྱས་ཏེ། དམ་ཟབ་རྣམ་པའི་རྫོང་ཁོངས་སྨན་འདོན་མ་ལག་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་ནས་རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་དགོས། མཐོ་རིམ་སློབ་གསོའི་སྤུས་ལེགས་དངོས་གཞི་རྒྱ་སྐྱེད་བཟོ་བསྐྲུན་དང་བསླབ་ཚན་སྤུས་ཚད་མཐོར་གཏོང་འགུལ་སྐྱོད་ལག་བསྟར་བཟང་པོ་བྱས་ཏེ། ལས་རིགས་གཙོ་ཕལ་གཅིག་འདྲེས་དང་ཐོན་སློབ་མཉམ་འདྲེས་རྣམ་པའི་ལས་རིགས་སློབ་གསོའི་མ་ལག་འཛུགས་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་དུས་ཚིགས་དང་པོའི་ལས་སྤེལ་བྱེད་ཐབས་ལ་ཞིབ་འཇུག་བྱས། དཔལ་འབྱོར་བྱ་བ་དམ་འཛིན་བྱེད་པའི་འགན་འཁྲི་ཁུར་སེམས་དང་བྲེལ་མྱུར་རང་བཞིན་དངོས་སུ་ཤུགས་དྲག་ཏུ་བཏང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། སྔ་མོ་ནས་འཆར་འགོད་དང་སྔ་མོ་ནས་ཞིབ་ཚགས་ཅན་དང་སྔ་མོ་ནས་དངོས་འབེབས་བྱས་ནས། ནུས་ཤུགས་ཡོད་རྒུས་མཇུག་འབྲས་ཆེས་ལེགས་པ་བརྩོན་ལེན་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བསྐྲུན་པ་དང་སྤྱི་ཡོངས་ནས་ཕུལ་ཏུ་བྱུང་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་དཀའ་ཁག་ཅན་གྱི་མང་ཚོགས་ལ་ཐུགས་ཁུར་གཅེས་སྐྱོང་དང་ཚོང་རའི་དངོས་གོང་བརྟན་པོ་ཡིན་པ། ལོ་སར་འགྲུལ་སྐྱེལ་འགན་སྲུང་དང་། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་བརྟན་འཇགས་སོགས་བྱ་བར་གཅིག་འདོམས་གང་ལེགས་བྱས་ཏེ། འཕྲལ་བསྟུན་ལས་སྲུང་ལ་ཤུགས་སྣོན་དང་སྤྱོད་གཙང་སྒྲིག་ཁྲིམས་ནན་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་སྤྲོ་སྐྱིད་དང་བདེ་འཇགས་ཀྱི་སྒོ་ནས་དུས་ཆེན་ལ་རོལ་ཐུབ་པར་ཁག་ཐེག་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི2025ལོའི་གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ཁྱབ་ཁོངས་རྒྱ་སྐྱེད་དང་དེར་ཤུགས་སྣོན་པའི་སྲིད་ཇུས་གསར་པར་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།