ཟླ1ཚེས17ཉིན། ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་དྲུག་པའི“སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས”བསྐྲུན་པའི་ཆེད་དོན་སྐོར་ཞིབ་གནས་ཚུལ་ལ་ལན་སྤྲོད་པའི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུའི་ཐོག་རེས་སྐོར་དྲུག་པའི་སྐོར་ཞིབ་ཕྱོགས་བསྡུས་གནས་ཚུལ་སྙན་ཞུར་ཉན་སྐབས་ཀྱི་གཏམ་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སོགས་ཞིང་ཆེན་ཐད་གཏོགས་ལས་ཁུངས་བརྒྱད་ལ་ཆེད་དོན་སྐོར་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་གཙོ་བོ་བརྡ་ཁྱབ་བཏང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མཱེ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་གྲོས་ཚོགས་སུ་ཞུགས།
ལིའུ་མཱེ་ཕིན་གྱིས་སྐོར་ཞིབ་བྱ་ཡུལ་གྱི་ལས་ཁུངས་སོ་སོས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གོ་བ་གཏིང་ཟབ་བླངས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཁྱོན་ཡོངས་བྱ་བའི་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་འདྲེས་པར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་དང་ཁྱབ་ཁོངས་སོ་སོའི་རིམ་པ་དབྱེ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་དམ་ཟབ་བྱེད་དགོས། ཁྱོན་ཡོངས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། དམིགས་འབེན་མཐུན་སྦྱོར་དང་། སྡེ་ཁག་མཐུན་སྦྲེལ། སྲིད་ཇུས་མཐུན་སྦྱོར་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་བྱ་བ་དངོས་འབེབས་ལ་སྐུལ་འདེད་བཏང་སྟེ། དངོས་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།
ལིའུ་ཐའོ་ཡིས་སྐོར་ཞིབ་བྱ་ཡུལ་ལས་ཁུངས་སོ་སོས་སྐོར་ཞིབ་བཅོས་སྒྲིག་བྱ་བའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན། གལ་ཆེའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ལས་རིགས་སོ་སོའི་འགན་ནུས་དང་གཅིག་མཚུངས་ཀྱི་གོ་གནས་སུ་བཞག་ནས་བཀོད་སྒྲིག་དང་འཆར་འགོད། སྐུལ་འདེད། དོན་འཁྱོལ་བཅས་བྱེད་དགོས། བླང་བྱ་ནན་མོ་དང་བྱེད་ཐབས་ནན་མོ། ཚད་གཞི་ནན་མོ་བཅས་སྐོར་ཞིབ་བཅོས་སྒྲིག་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཞིབ་ཐོ་ཅན་གྱི་ཨང་གྲངས་ཕྱིར་འཚོང་ལམ་ལུགས་དོ་དམ་དང་དུས་མཚམས་ཅན་གྱི་སྐུལ་འདེད་ལག་བསྟར་བྱས་ཏེ། མིག་སྔའི་བཅོས་སྒྱུར་ལ་གཞི་ཚུགས་ནས་ཡུན་རིང་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། རྗེས་འདེད་ཕན་འབྲས་འདྲི་རྩད་དང་ཡུན་རིང་བཅོས་སྐྱོང་བྱ་རྒྱུར་ཤུགས་བསྣན་ཏེ། སྐོར་ཞིབ་བཅོས་སྒྲིག་གི་ལས་འགན་མཐའ་གཅིག་ཏུ་ཡོངས་འགྲུབ་བྱ་དགོས་པའི་བླང་བྱ་བཏོན།
ཤ་བོ་རིན་མཚོས་བསྒྱུར།