ཞི་ཅིན་ཕིང་གིས་ལུའུ་ཁ་ཧྲིན་ཁི་བསྟུད་མར་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་།
2025.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ1ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཡཱ་ལིས་ཧྲན་ཏ·ལུའུ་ཁ་ཧྲིན་ཁི་བསྟུད་མར་ཨུ་རུ་སི་དཀར་པོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མཉམ་དུ་འཆར་འགོད་དང་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།  ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་ཡིད་ཆེས་རྒྱུན་མཐུད་སྒོས་སྲ་བརྟན་དུ་བཏང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་ཕྱོགས་མང་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད། ངས་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་མཐུད་བྱེད་པ་དང་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།