རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས5ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་སོ་སོར་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལའོ་ཧྥུའུ་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏ་ལེ་ལ་མཇལ་འཕྲད་གནང་།
ཀྲ་ཕཱ་ལའོ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གི་འཐས་ཇུས་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཆེས་བཟང་དུས་སུ་གནས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། དེ་རིང་སྔ་དྲོར། རྒྱལ་ཁབ་གཉིས་ཀྱི་དབུ་གཙོས་རྒྱལ་ཁའི་ངང་གྲོས་མོལ་མཛད་དེ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་འཆར་འགོད་གསར་བ་བཀོད། ཀྲུང་གོས་ཅིར་ཅི་སི་སི་ཐན་དང་མཉམ་དུ། ཁྱིམ་མཚེས་མཛའ་མཐུན་དང་དར་རྒྱས་མཉམ་སྤྱོད་ཀྱི་ཀྲུང་ཅིའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཅིར་ཅི་སི་སི་ཐན་གྱི་གྲོས་ཁང་གིས་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཀྲ་ཕཱ་ལའོ་ཧྥུའུ་ཡིས་བསྟན་དོན། ཅིར་ཅི་སི་སི་ཐན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་ལ་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་བར་དུ་ཕྱོགས་གཉིས་ཀའི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་སྟེང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་གཙོ་ཐིག་ཏུ་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་དམ་ཟབ་ཏུ་གཏོང་འདོད་ཡོད།
ཀྲ་ཨར་ཏ་ལེ་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་གི་ཐེངས་འདིའི་འཚམས་འདྲི་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཁྱེད་དང་གྲོས་མོལ་གནང་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་འཐབ་ཇུས་ཀྱི་སྣེ་ཁྲིད་གསར་བ་འདོན་རྒྱུ་རེད། ཀྲུང་གོས་ཕ་ཁི་སི་ཐན་དང་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་བསྟར་བྱས་ཏེ། དུས་རབས་གསར་བའི་སྔར་ལས་དམ་ཞིང་ཟབ་པའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མྱུར་དུ་འཛུགས་འདོད་ཡོད། ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་མཉམ་ལས་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་འབྲེལ་བའི་གྲུབ་ཆ་གཙོ་བོ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཕ་ཁི་སི་ཐན་གྱི་གྲོས་ཁང་གིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཐོ་རིམ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། མཛའ་མཐུན་ཚན་ཆུང་། དམངས་ཆེན་གྱི་འཐུས་མི་དང་གྲོས་མིའི་བར་གྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཉམ་ལས་ཤུགས་དང་ལྡན་པའི་བཅའ་ཁྲིམས་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།
ཀྲ་ཨར་ཏ་ལེ་ཡིས་བསྟན་དོན། ཕ་ཁི་སི་ཐན་གྱིས་ཀྲུང་གོའི་སྲོག་ཤིང་ཁེ་ཕན་དང་སེམས་ཁྲལ་བྱེད་སར་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོད་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་སྐུལ་འདེད་བཏང་ནས། ཕ་ཁི་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད།
ཕིན་ཆིན་ཧྭ་གོང་གི་མཇལ་འཕྲད་ལ་ཞུགས།
ཟླ2པའི་ཚེས5ཉིན་གྱི་ཕྱི་དྲོར། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སོང་ནས། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ།
རིན་ཆེན་མཚོས་བསྒྱུར།