མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།
2025.02.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས14ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཞེ་གཉིས་པ་བསྡུས། ཞིང་ཆེན་དངམས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་གྲོས་གཞིའི་གྲོས་བྱང་དང་གྲོས་ཚོགས་བསྡུ་འབི་དུས་ཚོད་སྐོར་གྱི་སྙན་ཞུ་ལ་ཉན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་པའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་གྱི་ཐེངས་གཉིས་པའི་གྲོས་ཞིབ་མ་ཡིག མཚོ་སྔོན་ཞིང་ཆེན་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་གྱི་གཅིག་གྱུར་ཞིབ་བཤེར་བྱ་བའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན། མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཚོང་རའི་དོ་དམ་སྲོལ་ཡིག་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་དོ་དམ་སྲོལ་ཡིག་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན་བཅས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་ཉན། 2024ལོའི་ཞུ་འགོད་ཞིབ་བཤེར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དངུལ་རྩའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་གྲ་སྒྲིག་བྱ་བའི་སྐོར་གྱི་སྙན་ཞུ་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གི་གྲོས་གཞི་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་གཞིའི་ཁྲོད་འཇོག་རྒྱུར་གྲོས་མཐུན་བྱུང་།

ཚོགས་ཐོག་ཏུ་མི་དོན་བསྐོ་འཐེན་བྱ་བའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ཀྱིས་ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་རྒྱུའི་བཀོད་སྒྲིག་བྱས།

རིན་ཆེན་མཚོས་བསྒྱུར།