《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་རྣམ་བཤད་གལ་ཆེན་གྱི་སློབ་ཡིག》གི་ཧྥ་རན་སིའི་ཡི་གེ་དང་། ཨུ་རུ་སིའི་ཡི་གེ། སི་ཕེན་གྱི་ཡི་གེ། ཨ་རབ་ཀྱི་ཡི་གེ་བཅས་ཀྱི་པར་གཞི་པར་སྐྲུན་འགྲེམས་སྤེལ་བྱས།
2025.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སློབ་གསོ་པུའུ་ཡིས་རྩ་འཛུགས་བྱས་ནས་ལོ་ཙཱ་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་རྣམ་བཤད་གལ་ཆེན་གྱི་སློབ་ཡིག》ཅེས་པའི་ཧྥ་རན་སིའི་ཡི་གེ་དང་། ཨུ་རུ་སིའི་ཡི་གེ། སི་ཕེན་གྱི་ཡི་གེ། ཨ་རབ་ཀྱི་ཡི་གེ་བཅས་ཀྱི་པར་གཞི་དེ་ཕྱི་སྐད་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་དང་། མཐོ་རིམ་སློབ་གསོའི་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་རྣམ་བཤད་གལ་ཆེན་གྱི་སློབ་ཡིག》ཅེས་པའི་རྒྱ་ཡིག་པར་གཞི་དེ2020ལོར་པར་སྐྲུན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གཏིང་ཟབ་བྱས་ཡོད།    དེབ་དེའི་ཧྥ་རན་སིའི་ཡི་གེ་དང་། ཨུ་རུ་སིའི་ཡི་གེ། སི་ཕེན་གྱི་ཡི་གེ། ཨ་རབ་ཀྱི་ཡི་གེ་བཅས་ཀྱི་པར་གཞི་དང་དེའི་སྔོན་ལ་པར་སྐྲུན་བྱས་པའི་དབྱིན་ཡིག་པར་གཞི་བཅས་ནི་ཕྱི་རྒྱལ་གྱི་ཀློག་པ་པོ་ཚོས་དུས་རབས་གསར་པའི་ཀྲུང་གོའི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རྒྱབ་ལྗོངས་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་རྒྱུས་ལོན་བྱེད་པ་དང་། ཀྲུང་གོའི་སློབ་གསོའི་རྣམ་པ་བརྒྱུད་སྒྲོག་བྱེད་པ། ཀྲུང་གོའི་སློབ་གསོའི་གཏམ་རྒྱུད་ཡག་པོར་བཤད་པའི་ཐད་དོན་སྙིང་གལ་ཆེན་ལྡན།

ཤ་བོ་རིན་མཚོས་བསྒྱུར།