ཧན་ཀྲིན་གྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ལ་མཇལ་འཕྲད་གནང་།
2025.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ལ་མཇལ་འཕྲད་གནང་།

ཟླ2པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་པ་ཧི་ཡིས་འགན་འཁུར་བའི་སྐབས་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་པར་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་པ་ཧི་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་བྱ་བར་ཚད་མཐོའི་ཁས་ལེན་གནང་ཡོད། ཧ་ཨར་པིན་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་མཇུག་བསྒྲིལ་མ་ཐག་ཡིན་པས།  འཛམ་གླིང་ལ“ཀྲུང་གོའི་ཁྱད་ཆོས་དང་། ཨེ་ཤ་ཡའི་ཉམས་འགྱུར།  ངོ་མཚར་ལྟད་མོ”སོགས་ཆུ་ཚད་མཐོ་བའི་གངས་འཁྱགས་ལུས་རྩལ་ཚོགས་ཆེན་ཞིག་མངོན་དུ་བཅུག ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལུས་རྩལ་ལས་དོན་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལས་དོན་ནང་ཧུར་ཐག་གིས་ཞུགས་པས། ཁྱབ་ཁོངས་སྔར་ལས་མང་བའི་ནང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཉམ་དུ་ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་ཞི་བདེ་དང་མཐུན་སྒྲིལ། ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་འདོད་ཡོད།

པ་ཧི་ཡིས་ཧ་ཨར་པིན་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་ལ་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ནས་ཨོ་ལིམ་ཕིག་ལས་དོན་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།