རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚེས18ཉིན་པེ་ཅིང་དུ་ཨ་སེད་པེ་ཅང་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་སྤྱི་ཁྱབ་ཅུའུ་ཀྲང་ནཱ་ཅི་ཡའེ་ཧྥུའོ་ལ་ཐུག་འཕྲད་བྱས།
ཝང་ཞའོ་ཧུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨ་ལིས་ཡའེ་ཧྥུའོ་གཉིས་ཀྱི་འཐབ་ཇུས་ཁྲིད་སྟོན་འོག ཀྲུང་གོ་དང་ཨ་སེད་པེ་ཅང་གི་འབྲེལ་བ་མུ་མཐུད་དུ་ཇེ་བཟང་དུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་ལེགས་པོ་བྱེད་པ་དང་། འཇིགས་སྐུལ་ལ་ངོ་རྒོལ་དང་དུག་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ནས། གློག་འཕྲིན་དྲ་རྒྱའི་མགོ་སྐོར་དང་དྲ་རྒྱའི་རྒྱན་འགུག་སོགས་རྒྱལ་ཁབ་བརྒལ་བའི་རྩ་འཛུགས་ཀྱིས་ནག་ཉེས་བཟོས་པར་མཉམ་དུ་རྡུང་རྡེག་གཏོང་བ། ཚོགས་པའི་བརྗེ་རེས་དང་ཁྲིམས་བསྟར་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆུ་ཚད་མཐོ་བའི་སྒོ་ནས་ཁྲིམས་བསྟར་བདེ་འཇགས་མཉམ་ལས་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་སེད་པེ་ཅང་གི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཡུན་རིང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་པ་བསྟན།
ནཱ་ཅི་ཡའེ་ཧྥུའོ་ཡིས་ཁྲིམས་བསྟར་བདེ་འཇགས་མཉམ་ལས་ཟབ་སྤེལ་བྱས་ཏེ། ལག་རྡང་སྦྲེལ་ནས་བདེ་འཇགས་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད་པར་བསྟན།
ལྷ་མོ་འཚོས་བསྒྱུར།