ཟླ2པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཧྲིན་ཀྲིན་གྲོང་ཁྱེར་དུ་སོང་ནས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟི་དང་པུས་ཡཱ་ཏིས་མ་རྐང་ཚད་ཡོད་ཀུང་ཟིར་རྟོག་ཞིབ་བྱས་པར་མ་ཟད། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་བཞུགས་མོལ་བརྗེ་རེས་བྱས་ཏེ། སྦྲེལ་མཐུད་འབྲེལ་འདྲིས་ལ་སྔར་ལས་ཤུགས་བསྣན་པ་དང་། མཉམ་ལས་མཉམ་རྒྱལ་ཡོང་བར་བྱས།
ལའོ་ཏུང་ཁྲོན་གྱིས་ཧྭ་ཝེ་ཀུང་ཟིའི་པཱན་ཐེན་སྤྱི་ཁྱབ་པུའུ་ཡི་རྟེན་གཞི་རུ་ཝ་ཐི་འགྲེམ་སྟོན་ཁུལ་དང་རྩིས་རྒྱག་གསར་གཏོད་ཚོད་ལྟ་ཁང་ལ་ལྟ་ཞིབ་བྱས་ནས། ཁེ་ལས་འཕེལ་རྒྱས་དང་ལག་རྩལ་གསར་གཏོད། མ་འོངས་འཆར་འགོད་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། ཧྭ་ཝེ་ཀུང་ཟིའི་ལྟ་ཞིབ་ཚོགས་པའི་ཀྲུའུ་ཞི་ཀའོ་ཕིན་སོགས་མཐོ་རིམ་དང་བཞུགས་མོལ་བརྗེ་རེས་བྱས། ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། ཧྭ་ཝེ་མཚོ་སྔོན་གྱི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱས་པ་དང་། ཕྱོགས་གཉིས་ཀྱིས་ལྗང་མདོག་རྩིས་ནུས་དང་དག་གཙང་ནུས་ཁུངས། གཞི་གྲངས་ཅན་གྱི་ཞབས་ཞུ་སོགས་ཀྱི་མཉམ་ལས་ཐད་ཕན་འབྲས་ལེགས་པོ་བླངས་ཡོད། ཧྭ་ཝེ་ཀུང་ཟི་ཡིས་མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཉམ་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ། མ་ལག་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་ཐོན་ལས་སྒྲིག་གཞི་འཆར་འགོད་བྱེད་ལ། མཚོ་སྔོན་གྱི་དངུལ་གཏོང་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང་། ཁྱབ་ཁོངས་མང་པོའི་དངོས་གཉེར་མཉམ་ལས་སྔར་ལས་ཟབ་སྤེལ་བྱས་ནས། ལག་རྡང་སྦྲེལ་ནས་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་རྣམ་པ་གསར་བ་བཏོད་པའི་རེ་བ་བྱེད་ཀྱིན་ཡོད་ཟེར། ཀའོ་ཕིན་གྱིས་བསྟན་དོན། ཧྭ་ཝེ་ཀུང་ཟི་ཡིས་རང་ངོས་ཀྱི་ལག་རྩལ་དང་འཇོན་མི། ཐོན་ལས་སྐྱེ་ཁམས་སོགས་ཀྱི་དགེ་མཚན་མུ་མཐུད་དུ་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་འབྲེལ་འདྲིས་མཉམ་ལས་ཟབ་སྤེལ་བྱས་ཏེ། མཚོ་སྔོན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་རྒྱུ་ཡིན་ཟེར།
ལའོ་ཏུང་ཁྲོན་སོགས་པུས་ཡཱ་ཏིས་མ་རྐང་ཚད་ཡོད་ཀུང་ཟིར་སོང་ནས་ནུས་ཁུངས་གསར་བའི་རླངས་འཁོར་གྱི་ཐོན་རྫས་ཆེས་གསར་བར་ལྟ་སྐོར་ཉམས་ལེན་བྱས་པ་དང་། པུས་ཡཱ་ཏིས་སྡེ་ཚོགས་ཀྱི་འགྲེམ་སྟོན་ཁུལ་ལ་ལྟ་ཞིབ་བྱས་ནས། པུས་ཡཱ་ཏིས་ཀུང་ཟིའི་ལས་སྒོ་སྒྲིག་བཀོད་དང་། འཕེལ་རྒྱས་ལོ་རྒྱུས། ལག་རྩལ་གསར་གཏོད། བཟོ་སྐྲུན་བཟོ་རྩལ་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། པུས་ཡཱ་ཏིས་ཀུང་ཟིའི་སྤྱིའི་འགན་འཛིན་པ་ཝང་ཁྲོན་ཧྥུའོ་དང་བཞུགས་མོལ་བྱས། ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། པུས་ཡཱ་ཏིས་ཀུང་ཟི་ཡིས་དུས་ཡུན་རིང་པོར་མཚོ་སྔོན་དུ་རྐང་བཙུགས་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་བྱས་རྗེས་གལ་ཆེན་བཞག་ཡོད། མིག་སྔར། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་བ་དང་བསྟུན་ནས། ཕྱོགས་གཉིས་ཀྱི་མཉམ་ལས་དེ་གོ་སྐབས་གལ་ཆེན་ལ་འཕྲད་ཡོད་པས། སོ་སོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་དགེ་མཚན་ལ་དམིགས་ནས། མཉམ་ལས་ཁྱབ་ཁོངས་རྒྱུན་མཐུད་སྒོས་རྒྱ་བསྐྱེད་པ་དང་། མཉམ་ལས་ལས་གཞིར་མཉམ་དུ་འཆར་འགོད་བྱས་ཏེ། ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པའི་རེ་བ་བྱེད་ཀྱིན་ཡོད་ཟེར། ཝང་ཁྲོན་ཧྥུའོ་ཡིས་བསྟན་དོན། པུའུ་ཡཱ་ཏིས་ཀུང་ཟི་ཡིས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་སྔར་ལས་གཅིག་སྡུད་བྱེད་པ་དང་། དངོས་གཉེར་མཉམ་ལས་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་འབྱུང་བར་འབད་པ་བྱེད་འདོད་ཡོད་ཟེར།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ལའོ་ཁྲའོ་བཅས་སོ་སོ་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།