ཟླ2ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་དང་ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་འགྲེལ་ཀློག་བྱས་ནས། ཞིང་སྡེའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཀྲུང་དབྱང་གིས་བསྟུད་མར་བཏོན་པའི“ཞིང་གསུམ”བྱ་བར་མཛུབ་ཁྲིད་བྱེད་པའི་ཡིག་ཆ་ཨང13པ་ཡིན་ཞིང་། ཏང་ཀྲུང་དབྱང་གིས“ཞིང་གསུམ”བྱ་བར་རྒྱུན་ཆད་མེད་པར་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་སྒོས་མཚོན་ཡོད། ཡིག་ཆ་ཨང་དང་པོའི་ནང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་་གཏོང་བར་སྐུལ་འདེད་གཏོང་བ་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱས་པ་དང་། མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི“ཞིང་གསུམ”བྱ་བར་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད་ལ། སྤྱིའི་སྒྲོམ་གཞི་དེ“རྒྱུན་མཐུད་གཉིས་དང་ཤུགས་རྒྱག་ས་བཞི”ཞེས་མདོར་བསྡུས་བྱས་ཡོད།
“རྒྱུན་མཐུད་གཉིས”ཞེས་པ་ནི་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་འདོན་སྤྲོད་འགན་སྲུང་ནུས་པ་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་པ་དེ་རེད། དེ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་ཚད་མཐའི་ལས་འགན་ཡིན་པས། ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་སུ་མི་འགྱུར་བ་ངེས་པར་དུ་ཁག་ཐེག་བྱ་དགོས།
“ཤུགས་རྒྱག་ས་བཞི”ཞེས་པ་ནི་ནུས་ཤུགས་ཡོད་རྒུས་རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྟོབས་ཆེར་གཏོང་བ་དང་། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་འཐུས་ཚང་དུ་གཏོང་བ་དང་བཀོད་སྒྲིག་སྒྲིག་སྲོལ་དང་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་བ་དེ་ཡིན། འདི་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ཡིན།
ཤ་བོ་རིན་མཚོས་བསྒྱུར།