ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བའི་གྲོས་ཚོགས་བསྡུས།
2025.02.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཟླ2པའི་ཚེས24ཉིན། ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་རྒྱལ་ཡོངས་རྩིས་བཤེར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པ་དང་། 2024ལོའི་བྱ་བར་ཕྱོགས་བསྡོམས་བྱས་ནས2025ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་མེ་ཕིན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩིས་བཤེར་ལས་ཁུངས་ཀྱིས་བློ་དཀར་ལས་སྒྲུབ་དང་དངོས་གཉེར་ཁག་ཁུར་བྱས་པ་དང་། ཇི་མ་ཇི་བཞིན་དུ་བྱ་བ་དངོས་འབེབས་དམ་འཛིན་ནན་མོ་བྱས་ལ། ནན་ཏན་སྒོས་གནད་དོན་གལ་ཆེན་ཐེར་འདོན་བྱས་པ་དང་། བརྩེ་བ་རྣལ་མས་དམངས་ཚིས་བདེ་སྐྱིད་ཆེ་རུ་བཏང་སྟེ། ནུས་ལྡན་སྒོས་ཇུས་འདོན་ནུས་པ་འདོན་སྤེལ་བྱས་པ་དང་། འགན་སྒྲུབ་ཁག་ཁུར་གྱིས་གནད་དོན་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ལ། རང་འགུལ་སྒོས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དང་། རྩིས་བཤེར་ལྟ་རྟོག་གི་ནུས་པ་རྒྱུན་མཐུད་སྒོས་མངོན་པར་བྱས་ནས། རྩིས་བཤེར་གྱི་ལམ་ལུགས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་བ་དང་། རྩིས་བཤེར་གྱི་དཔུང་སྡེའི་ནུས་པ་ཇེ་ཆེ་དང་སྤྱོད་ཚུལ་ཇེ་ལེགས་སུ་བཏང་སྟེ། རྩིས་བཤེར་གྱི་རྒྱུགས་ལན་ཡག་པོ་ཞིག་སྤྲད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་སྒྲིལ་བའི་ལོ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འཆར་འགོད་བྱེད་པའི་ལོ་ཡིན་པར་མ་ཟད། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཡིན་པས། རྩིས་བཤེར་བྱ་བ་ལེགས་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱི་བསམ་བློ་དང་ཀུན་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། དུས་རབས་གསར་བའི་རྩིས་བཤེར་བྱ་བའི་ཆབ་སྲིད་ཀྱི་ངེས་གནས་དང་བླང་བྱ་གལ་ཆེན་ཡང་དག་དམ་འཛིན་བྱེད་པ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཆབ་སྲིད་ཀྱི་འཆར་གཞི། ཐབས་ཇུས་དམིགས་འབེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་བཅས་མངོན་འགྱུར་འབྱུང་བར་འགན་སྲུང་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་རྩིས་བཤེར་གྱི་སྟོབས་ཤུགས་འབུལ་དགོས། ཏང་ཀྲུང་དབྱང་གི་གཅིག་གྱུར་མགོ་ཁྲིད་ཀྱི་ཆབ་སྲིད་ཁྲིད་སྟོན་དམ་འཛིན་ནན་མོ་བྱེད་པ་དང་། བཀོད་འདོམས་དང་སྐུལ་སློང་ལ་བྱང་བར་བྱེད་དགོས། རྩིས་བཤེར་ཕྱོགས་ཡོངས་ལ་ཁེབས་པའི་ངོ་བོའི་བླང་བྱ་དང་བྱ་བའི་གཙོ་གནད་ཡང་དག་དམ་འཛིན་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་རྗེས་འདེད་བྱེད་དགོས། ལས་ཆོད་མཐོ་བའི་སྒོ་ནས་རྩིས་བཤེར་གྲུབ་འབྲས་དང་དབང་ཟིལ་སྤྱོད་པར་སྐུལ་འདེད་ནན་མོ་གཏོང་བ་དང་། ཀུན་ལ་གསལ་བོར་ཤེས་སུ་འཇུག་དགོས། ཚན་རིག་དང་མཐུན་ཞིང་ཚད་ལྡན་སྒོས་རྩིས་བཤེར་ལྟ་རྟོག་བྱས་ཏེ། རྩིས་བཤེར་ལྟ་རྟོག་གི་སྤུས་ནུས་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། ལས་འགན་གཙོ་བོ་འབུར་དུ་ཐོན་པར་བྱེད་པ་དང་། སྲིད་ཇུས་གལ་ཆེན་དངོས་འབེབས་དང་བཅོས་སྒྱུར་ཟབ་སྤེལ། ཉེན་ཁ་དོགས་ཟོན་དང་སེལ་ཐབས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དོ་སྣང་ཚད་མེད་བྱས་ཏེ། གཙོ་གནད་འབུར་ཐོན་གྱིས་སྤྱི་ཁོག་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། གནད་དོན་ལེགས་བཅོས་ལ་དམ་འཛིན་ལེགས་པོ་བྱས་ཏེ། ཕྱོགས་ཡོངས་ནས་ལེགས་བཅོས་གནས་ཚུལ་གྱི་རྗེས་འདེད་ལྟ་རྟོག་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། རྩིས་བཤེར་ལེགས་བཅོས་ཀྱི་བྱ་བའི་མཇུག་ལེགས་པོར་སྐྱོང་དགོས། མཇུག་འབྲས་བེད་སྤྱོད་ལ་ཤུགས་སྣོན་པ་དང་། དམིགས་གཏད་རང་བཞིན་གྱིས་གནད་དོན་ཐག་གཅོད་པའི་བསམ་འཆར་གྲོས་གཞི་བཏོན་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་ལ་སྔར་ལས་ཞབས་འདེགས་བཟང་པོ་ཞུ་དགོས། ལྟ་རྟོག་རིགས་གསུམ་གྱི་འབྲེལ་མཐུད་མཉམ་སྡེབ་ལ་སྐུལ་འདེད་གཏོང་བ་དང་། གནད་དོན་ཐེར་འདོན་དང་དོ་དམ་ཚད་ལྡན། བཅོས་སྒྱུར་སྐུལ་འདེད་བཅས་ལ་སྐུལ་འདེད་གཏོང་བར་ཁྲིམས་ལྟར་དངོས་ཡོད་ལ་བསྟུན་པ་དང་། རྩིས་བཤེར་ལྟ་རྟོག་ལ་ཤུགས་ཚད་ཡོད་པ་དང་ནོར་འཁྲུལ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པར་དྲོད་ཚད་ཡོད་པར་བྱས་ཏེ། ལས་བྱེད་པས་བྱ་བ་དངོས་བསྒྲུབ་པ་དང་བྱ་བ་ལེགས་འགྲུབ་འབྱུང་བར་སྐུལ་སློང་བྱེད་དགོས།

གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་དང་ལས་རིགས་སོ་སོའི་སྡེ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རྩིས་བཤེར་གྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་རང་རྟོགས་སྒོས་སྲུང་སྐྱོང་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་མཐུན་རྩིས་བཤེར་ལྟ་རྟོག་ལ་རྒྱབ་སྐྱོར་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་རྩིས་བཤེར་བྱ་བའི་ཁོར་ཡུག་ལེགས་པོར་བསྐྲུན་དགོས། རིམ་པ་སོ་སོའི་རྩིས་བཤེར་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནུས་ཤུགས་ཡོད་རྒུས་གཅིག་སྡུད་གཅིག་གྱུར་དང་ཕྱོགས་ཡོངས་ལ་ཁེབས་པ། དབང་ཟིལ་ནུས་མཐོ་བཅས་ཀྱི་རྩིས་བཤེར་ལྟ་རྟོག་མ་ལག་བཙུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཁྲོད་རྩིས་བཤེར་གྱི་རིན་ཐང་སྔར་ལས་ཆེ་བ་མངོན་པ་དང་རྩིས་བཤེར་གྱི་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན།

ལྷ་མོ་འཚོས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།