ཟླ2པའི་ཚེས24ཉིན། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་བྱ་བའི་བཀོད་སྒྲིག་ཚོགས་འདུ་བརྙན་རིས་རྣམ་པས་བསྡུས། ཚོགས་འདུའི་ཚོགས་ར་གཙོ་བོ་ཟི་ལིང་དུ་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་ཁུལ་བརྒྱད་དུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། 2024ལོའི་ཞིང་ཆེན་ཡོངས་ཀྱི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། 2025ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་འདུ་ལས་བསྟན་དོན། 2025ལོར། རང་ཞིང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པར་དམིགས་ནས། ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཟབ་སྤེལ་བྱས། ཉམས་མྱོང་གསོག་འཇོག་དང་ཁྱད་ཆོས་བསྐྲུན་པ། ཕན་འབྲས་མངོན་གསལ་བཅས་དམིགས་འབེན་དུ་བྱེད་པ་དང་། མཉམ་ཤུགས་ཇེ་དྲག་དང་ཁེ་ལས་ཀྱི་བྱེད་ནུས་གཙོ་བོ་འདོན་སྤེལ། ཚོད་ལྟའི་ཁུལ་གྱི་སྣེ་ཁྲིད་མངོན་གསལ་ཡིན་པ་བཅས་གཙོ་གནད་དུ་བརྩིས་ཏེ། བསམ་བློའི་ཁྲིད་སྟོན་དང་གོ་གནས་མཐོར་འདེགས། ལག་རྩལ་མཐོར་འདེགས། འཚར་ལོངས་འཇོན་ལྡན། དབང་སྲུང་ཞབས་ཞུ། བྱས་རྗེས་འཇོག་པ། དཔུང་སྡེ་སྟོབས་ཆེར་གཏོང་བ་བཅས་ཀྱི་ལས་གཞི་ཁག་བདུན་ལག་བསྟར་བྱེད་པ་དང་། ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཐད་གྲུབ་འབྲས་གསར་བ་ལེན་པ་དང་ཐོལ་བརྒལ་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་སྐོར་གྱི་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། གནད་འཁེལ་ཤུགས་འདོན་བྱས་ནས། རང་ཞིང་གིས་བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། བཅོས་སྒྱུར་གྱི་མཉམ་ཤུགས་གཅིག་སྡུད་བྱེད་དགོས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་སྟོབས་ལྡན་འོག ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་དེ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་སྟེང་། ཞིང་ཆེན་མི་དོན་ཐིན་དང་། ཞིང་ཆེན་སློབ་གསོ་ཐིན། ཟི་ལིང་གྲོང་ཁྱེར་གྱི་སྤྱིའི་བཟོ་ཚོགས། ཞིང་ཆེན་ནུས་ཁུངས་རྫས་འགྱུར་བཟོ་ལས་བཙོ་སྦྱང་བཟོ་ཚོགས། ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་ཟི། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟི་སོགས་ལས་ཁུངས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
ལྷ་མོ་འཚོས་བསྒྱུར།