ཀྲའོ་ལི་ཅི་ཡིས་མོང་གོལ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ལ་བཞུགས་མོལ་གནང་།     
2025.02.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས25ཉིན་ཕྱི་དྲོ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་མོང་གོལ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ཨ་མཱ་ཨར་པཱ་དབྱི་སི་ཀི་ལིན་དང་བཞུགས་མོལ་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་ནས་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ན་ནིང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་ཡིན་པས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧུའུ་རི་ལི་སུའུ་ཧི་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་མོང་གོལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བརྟན་པོ་དང་ཡུན་རིང་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཡུན་རིང་བརྟན་བརླིང་གི་ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོ་དང་མོང་གོལ་ཕྱོགས་གཉིས་ཀྱིས་མཉམ་དུ་བདམས་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། ཕྱོགས་གཉིས་ཀྱིས་ཕན་ཚུན་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ནས། ཐའེ་ཝན་དང་བོད། ཞིན་ཅང་། ཞང་ཀང་བཅས་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་བྱེད་བཞིན་ཡོད། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་གཏེར་རྫས་ནུས་ཁུངས་དང་རྨང་གཞིའི་སྒྲིག་བཀོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གཞི་གྲངས་དཔལ་འབྱོར་སོགས་མཉམ་ལས་ཀྱི་བཀྲག་མདངས་གསར་པ་གཏོད་དགོས། ལོ་རྒྱུས་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁ་ཆེན་པོར་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱ་དགོས།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་བར་ཡུན་རིང་གི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་བར་གྱི་ཁྲིམས་འཛུགས་སྒྲིག་གཞིའི་རིམ་པ་སོ་སོའི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་།  རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། བཅོས་སྒྱུར་སྒོ་འབྱེད་དང་དམངས་ཚིས་ལེགས་བཅོས། ཚོང་གཉེར་ཁོར་ཡུག་སོགས་ཁྱབ་ཁོངས་ལ་དམིགས་ནས་ཁྲིམས་འཛུགས་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་འདོད་ཡོད།

ཀྲའོ་ལི་ཅི་ཡིས་འཚོགས་ལ་ཉེ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དང་ཟུང་འབྲེལ་བྱས་ནས་དམངས་ཆེན་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་།

ཨ་མཱ་ཨར་པཱ་དབྱི་སི་ཀི་ལིན་གྱིས་བསྟན་དོན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།  མོང་གོལ་རྒྱལ་ཁབ་ཏཱ་ཀྱི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་མཛའ་མཐུན་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་དུས་བཀག་བརྗེ་རེས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། མོང་གོལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད།

བློ་བཟང་རྒྱལ་མཚན་གྲོས་མོལ་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།