ལིས་ཞི“སྒྲིག་ཁྲིམས་ལྟ་ཞིབ་བྱ་བ་ཚད་གཞི་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་དུ་འཛུགས་སྐྱོང་ལོའི”འགུལ་སྐྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས།
2025.02.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི“སྒྲིག་ཁྲིམས་ལྟ་ཞིབ་བྱ་བ་ཚད་གཞི་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་དུ་འཛུགས་སྐྱོང་ལོའི”འགུལ་སྐྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི“སྒྲིག་ཁྲིམས་ལྟ་ཞིབ་བྱ་བ་ཚད་གཞི་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་དུ་འཛུགས་སྐྱོང་ལོའི”འགུལ་སྐྱོད་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་ལྷག་བསམ་གཙང་ཞིང་འགན་འཁུར་བ། འཐབ་རྩོད་བྱེད་ཕོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མཁན་བསྐྱང་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ལས་འགན་དང་འགན་འཁྲི་སྔར་ལས་ལེགས་པར་འཁུར་དགོས།      

ལིས་ཞི་ཡིས་བསྟན་དོན། “ཅན་གསུམ”འཛུགས་སྐྱོང་ལོའི་འགུལ་སྐྱོད་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན། དེ་ནི་སྐྱོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ། སྤྱིའི་དམག་འཐབ་ཡག་པོར་རྒྱག་པའི་ཁ་ཚ་དགོས་གཏུག་གི་གནད་ཅིག་ཡིན་པས། ངེས་པར་དུ་མཐར་ཐུག་གི་རང་ངོས་གསར་བརྗེའི་སྙིང་སྟོབས་བཅངས་ནས་ཆབ་སྲིད་འཛུགས་སྐྱོང་དང་། ནུས་པ་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྤྱོད་གཙང་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་གང་བྱུང་དུ་མི་སྤྱོད་པ་དང་། ངན་པར་ཆད་གཅོད་དང་སྲོལ་བཟང་དར་སྤེལ་གཏོང་བའི་བྱ་བར་ཁག་ཐེག་བྱེད་དགོས།

ལིས་ཞི་ཡིས་ནན་གྱིས་བསྟན་དོན། གཙོ་གནད་ལ་དམིགས་ནས་དམ་འཛིན་དང་གནད་དོན་ལ་དམིགས་ནས་བཅོས་སྒྱུར་བྱས་ཏེ། གནད་འགག་གི་གནད་དོན་ཐག་བཅད་ནས“ཅན་གསུམ”གྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱ་དགོས།  སྒྲིག་སྲོལ་དང་སྒྲིག་ཁྲིམས་གཞིར་བཟུང་ནས་ཁྲིམས་ལྟར་གྱོད་སྒྲུབ་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་པ་དང་། ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་ཀྱི་ནུས་པ་ཆེ་རུ་གཏོང་བ། ངོ་བོ་དང་སྒྲིག་ཁྲིམས་ཚད་འཇལ་ཁྲིམས་འཛིན་ཡང་དག་བྱས་ཏེ། ཆབ་སྲིད་ཀྱི་ཕན་འབྲས་དང་སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས།     སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་རྩ་འཛུགས་སྟོབས་ལྡན་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་ཏེ། ལས་བྱེད་པས་འགན་འཁུར་རྒྱུར་སྐུལ་ལྕག་སྔར་ལས་ལེགས་པོ་བྱེད་དགོས། སྒྲིག་ཁྲིམས་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱུར་དམིགས་ཏེ་ཆབ་སྲིད་ཀྱི་བློ་སྦྱོང་དང་སྒྲིག་ཁྲིམས་བྱང་ཚད་མཐོ་རུ་གཏོང་ཤུགས་ཆེ་རུ་བཏང་ནས། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ་བྱ་བ་སྒྲུབ་མཁས་པར་བྱ་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོར་འགན་འཁྲི་ནན་དཀྲི་བྱས་ཏེ།  ཕྱི་ཚུལ་རིང་ལུགས་བཀག་སྡོམ་གང་ཐུབ་བྱས་ཏེ་དམ་འཛིན་དང་དངོས་འབེབས། ཕན་འབྲས་ཐོབ་པར་ཁག་ཐེག་བྱ་དགོས།

ཤ་བོ་རིན་མཚོས་བསྒྱུར།