ཟླ2པའི་ཚེས25ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཡིག་ཆ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2025ལོའི་ལུགས་རྙིང་ལོ་གསར་གྱི་ལྷན་འཛོམས་ཚོགས་འདུ་དང་། ལུགས་རྙིང་ལོ་གསར་སྔོན་ལ་ལེའོ་ཉིང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་མཛད་སྐབས། ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས། དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་བཅས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པར་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ་དང་། རྟོག་ཞིབ་ལྟ་ཞིབ་དང་གྲོས་མོལ་སྲིད་གླེང་། ཐུན་མོང་ངོས་འཛིན་གཅིག་སྡུད་སོགས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་ནས། སྲིད་གྲོས་ཀྱི་སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་དགོས། སྲིད་གྲོས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོས་མོལ་སྲིད་གླེང་དང་གྲོས་གཞི། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་ཆ་འཕྲིན་སོགས་ཀྱི་རྣམ་པ་བརྒྱུད་དེ། དུས་ཐོག་ཏུ་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་རེ་འདུན་དང་དཀའ་ཁག་གནད་དོན་ཕྱིར་ལྡོག་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་གྱི་སྤུས་འདེགས་ནུས་འཕར་ལ་རམ་འདེགས་བྱེད་དགོས། ལོ་གསར་བའི་གྲོས་ཚོགས་དང་པོའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲིད་གྲོས་ཀྱི་སྟེགས་བུར་ནུས་པ་གང་ལེགས་འདོན་པར་ཧུར་ཐག་གི་རྒྱབ་སྐྱོར་བྱས་ཏེ། སྲིད་གྲོས་ཀྱི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་དགེ་མཚན་གྱིས་ཚོང་འགུལ་དངུལ་འདྲེན་ལ་རོགས་ཤུགས་འདོན་པ་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་བར་ཞབས་འདེགས་ཞུ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི2025ལོའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བྱ་བའི་གཙོ་གནད་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་ནི་སྲིད་གྲོས་ཀྱིས་ལས་འགན་བསྒྲུབ་པའི་མཚོན་ཚུལ་གལ་ཆེན་ཞིག་རེད། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་དང་ཧུར་ཐག་འགན་སྒྲུབ་བྱས་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ལ་རྐང་བཙུགས་ཤིང་། སྤུས་ཚད་མཐོ་བའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་ཆ་འཕྲིན་སྐོར་ཞིག་བསྡུ་རུབ་དང་བརྒྱུད་སྐུར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་འབྲེལ་གཏུག་དམ་ཟབ་བྱེད་པ་དང་ཏང་སྲིད་ཀྱི་ཚན་རིག་དང་མཐུན་པའི་དམངས་གཙོའི་ཇུས་ཆོད་ལ་ཞབས་འདེགས་ཞུ་བར་ནུས་པ་གལ་ཆེན་བཏོན། ཆབ་སྲིད་ཀྱི་ལངས་གནས་ཇེ་བརྟན་དང་བྱ་བའི་གཙོ་གནད་འབུར་དུ་ཐོན་པ། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བློ་བརྟན་འགྱུར་མེད་སྒོས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བྱ་བར་ཤུགས་སྣོན་པ། སྲིད་གྲོས་ཀྱི་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་རྣམས་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་པར་ཁྲིད་སྟོན་བྱེད་པ། ལས་རིགས་སོ་སོའི་མང་ཚོགས་ལ་འབྲེལ་གཏུག་བྱེད་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་དངོས་ཡོད་འཁོར་རྒྱུག་གནས་ཚུལ་དང་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཤེས་པར་བྱེད་པ། སྲིད་གྲོས་ཀྱི་ཆ་འཕྲིན་ཐབས་ལམ་བརྒྱུད་དེ་དངོས་ཐོག་བདེན་འཚོལ་གྱིས་གནས་ཚུལ་དང་གནད་དོན་ཕྱིར་ལྡོག་བྱེད་པ། ཐག་གཅོད་བྱེད་ཐབས་ཀྱི་གྲོས་གཞི་འདོན་པ་དང་། ཏང་དང་སྲིད་གཞུང་གིས་དམངས་ཀྱི་གནས་ཚུལ་ཤེས་པ་དང། དམངས་ཀྱི་དཀའ་ངལ་ཐག་གཅོད་པ། དམངས་ཀྱི་དཀའ་ཁག་སེལ་བ། དམངས་ཀྱི་བློ་སེམས་བདེ་བར་བྱེད་པ་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པར་གཞོགས་འདེགས་བྱེད་དགོས་པ་བསྟན།
གྲོས་ཚོགས་ལས་ད་དུང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་བཀོད་སྒྲིག་བསམ་འཆར་དང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་སྲིད་གྲོས་ཀྱི་འགན་སྒྲུབ་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་སོགས་འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་བྱས།
རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའེ་ཞང་། ཕིན་ཡིའུ་ཏུང་། ཞེ་པོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།