ཟླ2ཚེས24ཉིན་ནས་ཚེས25ཉིན་བར། ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་ཞིབ་བཤེར་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། འདས་ཟིན་པའི་ལོ་གཅིག་གི་བྱ་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་བལྟ་དང་། མིག་སྔའི་བྱ་བའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ཤིང་། ལོ་གསར་བའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།
གྲོས་ཚོགས་ལས2024ལོར་བསྡོམས་རྩིས་ཞིབ་བཤེར་གྱི་ལས་དོན་སོ་སོར་གོ་རིམ་ལྡན་པའི་སྐུལ་འདེད་བཏང་སྟེ། གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་གཏོང་སྤྲོད་དང་། ཞིང་བའི་ལྟ་ཞིབ་དང་འབྲུ་རིགས་ཐོན་འབོར་གྱི་རྒྱ་ཁྱོན། ཕྱུགས་ལས་ཐོན་སྐྱེད། གྲོང་རྡལ་གྱི་ལས་ཤོར་ཚད། འཛད་སྤྱོད་རིན་གོང་། བཟོ་ལས་ཐོན་རྫས་ཀྱི་རིན་གོང་། དབུལ་ཐར་རྫོང་གི་ཞིང་སྡེའི་ཁྱིམ་ཚང་ལྟ་ཞིབ་ཚད་འབྱེད་སོགས་ཀྱི་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས་ཤིང་། ཆེད་དོན་ཞིབ་བཤེར་དང་ཆེན་དོན་རྟོག་ཞིབ་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་བསྡོམས་རྩིས་ཀྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས། བསྡོམས་རྩིས་དེང་རབས་ཅན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཞིབ་བཤེར་གཞི་གྲངས་ཁག་བདེ་ལེགས་སྒོས་སྤྲིན་རྩིས་སྟེང་བཞག་ཅིང་། གློག་རྡུལ་རྩལ་འགྲན་ཁེ་ལས་ཀྱི་གློག་རྡུལ་གཞི་གྲངས་བེད་སྤྱོད་ཐད་ཐོད་བརྒལ་མངོན་འགྱུར་བྱུང་བ་དང་། བརྙན་རིས་ལྟ་ཞིབ་ཚོད་འཛིན་དངAIའདྲ་རིས་ངོས་འཛིན་སྒོ་ཕྱུགས་བརྟག་དཔྱད་ཁྲོད་བཀོལ་སྤྱོད་ཐུབ་པར་འཚོལ་ཞིབ་ཧུར་ཐག་བྱས་ལ། འབྲུ་རིགས་རྒྱ་ཁྱོན་དང་ཐོན་འབོར་ཐད་ཀྱི་མི་མེད་གནམ་གྲུའི་བརྟག་དཔྱད་ཁྱབ་རྒྱ་རྒྱུན་མཐུད་སྒོས་ཆེ་རུ་བཏང་། གསར་དུ་བསྣན་པའི་སྲན་ཆེན་དང་མ་རྨོས་ལོ་ཏོག་གི་མཉམ་འདུས་འདེབས་འཛུགས་བརྟག་དཔྱད་ཐད་ཀྱི་མི་མེད་གནམ་གྲུས་དཔེ་ལེན་ཞིབ་དཔྱད་བྱེད་པ་མངོན་འགྱུར་བྱས་ཏེ་རང་ཞིང་གི་མཉམ་འདུས་འདེབས་འཛུགས་ལོ་ཏོག་གི་རྒྱ་ཁྱོན་ཞིབ་བཤེར་ཐད་ཀྱི་མི་འདང་ས་ཁ་སྐོང་བྱས་ཞེས་བསྟན།
གྲོས་ཚོགས་ལས2025ལོར་རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་ཞིབ་བཤེར་སྤྱིའི་རུ་ཁག་གིས་དཀྱིལ་སྙིང་ལ་དམིགས་པ་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དམིགས་ཏེ། བསྡོམས་རྩིས་ལྟ་སྐུལ་གྱི་འགན་ནུས་བྱེད་ནུས་སྔས་ལས་ནུས་ལྡན་སྒོས་འདོན་སྤེལ་བྱེད་པ་དང་། བསྡོམས་རྩིས་རྫུས་བཟོ་དང་འགན་འཁྲི་གཡོ་ལེན་བཅོས་སྐྱོང་བྱེད་པ་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ནས་བསྡོམས་རྩིས་ཞིབ་བཤེར་གཞི་གྲངས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བར་ཤུགས་འདོན་དགོས། གསར་བ་གཉིས་དང་གཙོ་བོ་གཉིས་སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པར་དམ་དུ་དམིགས་ཏེ། ཐོན་ལས་གནས་བཞི་འཛུགས་སྐྲུན་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཐུན་མོང་ཕྱུག་འགྱུར་སོགས་ཁྱབ་ཁོངས་ཀྱི་བརྟག་དཔྱད་ཞིབ་འཇུག་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་། བསྡོམས་རྩིས་ལྟ་ཞིབ་དང་གཞི་གྲངས་འགྲེལ་ཀློག་ཤུགས་དྲག་ཏུ་གཏོང་བ་དང་སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་པོར་སྐུལ་ཁྲིད་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པོར་ཕྱེ་དགོས་པ་ནན་གྱིས་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།