མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་སྲིད་འཛིན་དུག་འགོག་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2025.02.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས25ཉིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་གྱི་དུག་འགོག་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ཀྲུང་དབྱང་གི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཁྲིམས་འཛིན་ཐིན་ཀྲང་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་བྱ་བར་སྤྱི་སྡོམ་བྱས་ལ། 2025ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། 2024ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་གྱི་དུག་འགོག་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། བསྟུད་མར་ལོ་བདུན་ལ་ཡུལ་གནས་བདེ་འཇགས་ཀྱི་དྲུག་མེད་དམིགས་འབེན་མངོན་འགྱུར་བྱས་ལ། བསྟུད་མར་ལོ་ཉེར་ལྔའི་ནང་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་མེད་པ་མངོན་འགྱུར་བྱས། 2025ལོར་ཏང་གི་ཁྲིམས་འཛིན་སྲིད་འཛིན་གྱི་དུག་འགོག་བྱ་བའི་ཐད་ཀྱི་འགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་ཡུལ་གནས་བདེ་འཇགས་བརྟན་འཇགས། གཙོ་འགན་གཙོ་ལས། སྤྱི་ཡོངས་ཞབས་ཞུ་དང་དཔུང་སྡེ་འཛུགས་སྐྲུན་བཅས་གཙིགས་འཛིན་བྱེད་པ། ཆབ་སྲིད་ཀྱི་ནུས་པ་དང་བདེ་འཇགས་བཅོས་སྐྱོང་གི་ནུས་པ། ཚན་རིག་ཡོ་བཅོས་ཀྱི་ནུས་པ། ཕྱོགས་བསྡུས་འགན་སྲུང་གི་ནུས་པ་དང་དཔུང་སྡེའི་ཕྱོགས་བསྡུས་ནུས་པ་མཐོར་འདེགས་བཏང་ནས། ནུས་པ་སྣ་ཚོགས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་བརྟེན་ནས་ཁྲིམས་འཛིན་སྲིད་འཛིན་གྱི་དུག་འགོག་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་དུག་འགོག་མ་ལག་གིས་དུས་རབས་གསར་བའི་དུག་འགོག་དུག་གཅོད་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་འགྲན་རྩོད་གསར་བ། རེ་བ་གསར་བར་གོ་བ་ཡང་དག་ལེན་པ་དང་། ཆབ་སྲིད་འཛུགས་སྐྲུན་གོ་གནས་གཙོ་བོར་བཞག་ནས། ཏང་གི་དུག་འགོག་བྱ་བའི་ཐད་ཀྱི་འགོ་ཁྲིད་བརྟན་པོའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བདེ་འཇགས་བརྟན་འཇགས་དེ་དོན་དག་གལ་ཆེན་ཡིན་པའི་ཆ་ནས། དུག་གཅོད་ཡུལ་གནས་ཀྱི་བདེ་འཇགས་འགོག་ར་ཕྱོགས་ཡོངས་ནས་བརྟན་པོ་འཛུགས་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་རིན་ཐང་དུ་བརྩིས་ནས་འཚོལ་སྙེག་བྱེད་པ་དང་། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་མ་ལག་ཁྲོད་འདྲེས་པར་བྱེད་དགོས། དཔུང་སྡེ་འཛུགས་སྐྲུན་དེ་འཕེལ་རྒྱས་ཀྱི་རྨང་གཞི་རུ་བརྩིས་ཏེ། དུག་གཅོད་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་བརྟན་པོ་འདིངས་དགོས། ཁྲིམས་འཛིན་སྲིད་འཛིན་དུག་འགོག་བྱ་བའི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་ཁྲིམས་འཛིན་སྲིད་འཛིན་དུག་འགོག་གི་སྟོབས་ཤུགས་འབུལ་དགོས།

རིན་ཆེན་མཚོས་བསྒྱུར།