ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམ་པ།
བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་པའི་སྐབས་སུ། ཁྱེད་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ།
ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་པར་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་མཛེས་སྡུག་ལྡན་པའི་འཆར་གཞི་དངོས་སུ་བཀོད་པ་དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞིང་། མཐོ་སྒང་གི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། དངོས་སྒྲུབ་བརྩོན་ལེན་བྱེད་པའི་སྟོབས་ཤུགས་ཆེན་པོ་སྔར་ལས་གཅིག་ཏུ་བསྒྲིལ་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་དྲིན་གཟོ་མདུན་སྐྱོད་ཀྱིས་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་ནས་མདུན་དུ་བསྐྱོད་པ་དང་། ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པས། སྐྱེ་ཁམས་ཁོར་ཡུག་བརྟན་པོའི་ངང་ཇེ་ལེགས་སུ་སོང་བ་དང་དཔལ་འབྱོར་འཁོར་སྐྱོད་སྐྱོན་བྲལ་ངང་ཇེ་བརྟན་དུ་ཕྱིན་པ། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་བ། དམངས་ཚིས་འགན་སྲུང་བརྟན་པོ་དང་སྟོབས་ཆེར་ཕྱིན་པ། མི་རིགས་མཐུན་སྒྲིལ་མི་སེམས་སུ་སིམ་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་ལ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པར་རྒྱལ་ཁ་ལེན་པའི་ལོ་ཡང་ཡིན། ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རིགས་སོ་སོ་དང་ལས་རིགས་སོ་སོ་དང་མཉམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཧུར་ཐག་གིས་ཞུགས་ནས། ཡིད་ཆེས་བརྟན་པོ་དང་ངར་ཤུགས་ཆེན་པོ། གསར་གཏོད་གསར་སྐྲུན། དངོས་སྒྲུབ་སྔོན་བརྩོན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བར་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད།
ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལོ་གསར་བའི་ནང་འཚོ་བར་བདེ་སྐྱིད་ལྡན་ཞིང་ལུས་སེམས་བདེ་ཐང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལའོ་ཏུང་ཁྲོན་ནས།
2025ལོའི་ཟླ2པའི་ཚེས28ཉིན།
གཡང་འབུམ་རྒྱལ་གྱིས་བསྒྱུར།