ཧི་ལིས་ཧྥིན་ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་ཚོགས་ཀྱི་ལོ་འཁོར་གྱི་བཀའ་དྲིན་ཞུ་བའི་དགོང་ཚོགས་ལ་ཞུགས།
2025.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་ཚེས28ཉིན་གདན་ཞུས་ལྟར་པེ་ཅིང་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་ཚོང་ཚོགས་ཀྱི་ལོ་འཁོར་གྱི་བཀའ་དྲིན་ཞུ་བའི་དགོང་ཚོགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཧི་ལིས་ཧྥིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དང་པོར་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས། ཀྲུང་གོ་དང་ཨ་མེ་རི་ཁར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་བཞིན་ཡོད་པས། ཨ་མེ་རི་ཁའི་ཁེ་ལས་ཀྱིས་མུ་མཐུད་དུ་ཀྲུང་གོར་དངུལ་གཏོང་བྱེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ཀྲུང་གོ་དང་ཨ་མེ་རི་ཁའི་སྲིད་ཚོང་ལས་རིགས་ཀྱི་འཐུས་མི400ཙམ་བྱེད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།