ཟླ2པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་ཏང་ཕྱིའི་ཤེས་ཡོན་པའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མིའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། རྒྱལ་ཡོངས་ཀྱི་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་དང་ཏང་ཕྱིའི་ཤེས་ཡོན་པའི་མཐུན་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་སྟེགས་བུ་འདྲེན་བྱེད་འཛུགས་སྐྲུན་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་དང་། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཏང་ཕྱིའི་ཤེས་ཡོན་པའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
བསྡོམས་རྩིས་ལྟར་ན། མིག་སྔར་རང་ཞིང་དུ་ཏང་ཕྱིའི་ཤེས་ཡོན་པ་འབུམ་དྲུག་དང་ཁྲི་བཞི་སྟོང་ལྔ་དྲུག་བརྒྱ་ཡོད་པ་དང་། གཙོ་བོར་རྒྱལ་ཁབ་ལས་ཁུངས་དང་མཐོ་རིམ་སློབ་གླིང་། ཚན་རིག་ཞིབ་འཇུག་གླིང་། རྒྱལ་དབང་ཁེ་ལས་དང་ལས་དོན་སྡེ་ཁག་ཏུ་ཁྱབ་ལ། ཁེ་ལས་ཀྱི་བདག་གཉེར་དོ་དམ་དང་སློབ་གསོ་ཚན་ཞིབ། རིག་གནས་སྒྱུ་རྩལ་སོགས་ཆེད་ལས་སུ་བྱ་བ་སྒྲུབ་བཞིན་ཡོད། ཏང་ཕྱིའི་ཤེས་ཡོན་པའི་བྱ་བ་ནི། འཐབ་ཕྱོགས་གཅིག་གྱུར་གྱི་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བྱ་བ་ཡིན། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་བྱ་བ་ནི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་འགན་ཁུར་ནས་སྣེ་ཁྲིད་མཐུན་སྦྱོར་བྱེད་པའི་བྱ་བ་གལ་ཆེན་ཡིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་ཤེས་ཡོན་པ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་བྱ་བའི་སྟེགས་བུ་འདྲེན་བྱེད་འཛུགས་སྐྲུན་བྱས་ནས། མཐུན་འབྲེལ་རྩ་འཛུགས་ཀྱིས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཐུན་འབྲེལ་ལྷན་ཚོགས་ནི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མགོ་ཁྲིད་བྱེད་པ་དང་། ཏང་ཕྱིའི་ཤེས་ཡོན་པ་གཙོ་གཞི་རུ་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་རང་བཞིན་དང་མཐུན་འབྲེལ་རང་བཞིན་ལྡན་པའི་སྤྱི་ཚོགས་ཚོགས་པ་ཡིན་པས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློའི་སྣེ་ཁྲིད་བྱ་བ་སྣ་ཚོགས་ཁྲོད་འདྲེས་པར་བྱས་ནས། འཐབ་ཕྱོགས་གཅིག་གྱུར་དར་རྒྱས་གོང་འཕེལ་དུ་གཏོང་ཆེད་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་དགོས། ཏང་ཕྱིའི་ཤེས་ཡོན་པས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་གྱི་སྐུལ་འདེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ལག་བསྟར་པ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བརྒྱུད་སྒྲོག་པ་བྱས་ཏེ། སྐྱེ་ཁམས་ཀྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ཞུགས་དགོས། དུས་རབས་གསར་བའི་ཏང་ཕྱིའི་ཤེས་ཡོན་པའི་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་འགྲན་རྩོད་གསར་བར་ངོས་འཛིན་གང་ལེགས་བྱེད་པ་དང་། ཏང་ཕྱིའི་ཤེས་ཡོན་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་ཕྱིའི་ཤེས་ཡོན་པའི་མཐུན་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་དགོས།
རིན་ཆེན་མཚོས་བསྒྱུར།