ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་རྣམས་འབྲེལ་གནས་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི2024ལོའི་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།
2025.03.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ2པའི་ཚེས13ཉིན་ནས་ཚེས24ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ་བཅས་སོ་སོར་ཐེམ་ཆེན་རྫོང་དང་གཙན་ཚ་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་། གུང་ཧོ་རྫོང་། སྟོང་སྐོར་རྫོང་བཅས་སུ་སོང་ནས་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི2024ལོའི་དམངས་གཙོའི་འཚོ་བའི་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།

འབྲེལ་གནས་རྫོང་སོ་སོའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་འཚོལ་བཤེར་གནད་དོན་ལེགས་བཅོས་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། 2024ལོའི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁང་གི་གཤིབ་སྡུར་ཞིབ་བཤེར་དང་ཚན་ཁག་ཁོངས་མིའི་གཤིབ་སྡུར་ཞིབ་བཤེར་ལ་ནན་ཏན་གྱིས་ཉན། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་རྗེས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱིས་ཆབ་སྲིད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ལྷག་བསམ་ཇེ་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཚང་མའི་སྣེ་ཁྲིད་དེ་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱེད་དགོས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གྲོས་གཞི་དང་པོའི་ལམ་ལུགས་དང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ། ནམ་རྒྱུན་སློབ་སྦྱོང་བྱས་ནས་ཐོབ་བྱ་གསར་བ་ཡོད་པ་དང་ནན་གྱིས་སློབ་སྦྱོང་བྱས་ནས་ཤེས་བྱར་ཡིད་ཆེས་བྱེད་པའི་བརྒྱུད་རིམ་ཁྲོད་གཞུང་ལུགས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་དང་། ཕུགས་བསམ་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། ཐོག་མའི་ཕུགས་འདུན་ཡིད་ལ་དམ་པོར་འཛིན་པ། རང་འགུལ་གྱིས་ཁག་ཁུར་འགན་སྒྲུབ་བཅས་བྱེད་དགོས། གནད་དོན་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ནས། ཏང་གཤིས་ཡག་པོ་སྦྱོང་བརྡར་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འཚོལ་ཞིབ་བྱས་པའི་གནད་དོན་དང་འཚོལ་བསྡུ་བྱས་པའི་སྐྱོན་བརྗོད་བསམ་འཆར་ཕྱོགས་བསྡུས་གསེད་བཀྲོལ་བྱས་ནས། ལེགས་བཅོས་ཇུས་གཞི་གཏན་འབེབས་བྱེད་པར་མ་ཟད་དངོས་འབེབས་བྱེད་པ་དང་། ལེགས་བཅོས་ཕན་འབྲས་ལ་བརྟེན་ནས་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཕན་འབྲས་ལ་ཚད་ལེན་བྱེད་དགོས། ཏང་ནང་གི་འཚོ་བ་གཟབ་ནན་གྱིས་རོལ་བ་དང་། བསམ་བློའི་འགོག་ར་བརྟན་སྲུང་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འགན་འཁྲི་གཙོ་བོ་ཕྲག་ཏུ་ལེན་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། སྒྲིག་ལམ་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་གསར་སྐྲུན་ནུས་པ་དང་། གཅིག་སྡུད་ནུས་པ། འཐབ་རྩོད་ནུས་པ་བཅས་ལ་མུ་མཐུད་དུ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་རྣམས་ཀྱིས་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སོ་སོས་ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུ་དེ་མགོ་རྩོམ་ས་གསར་བ་བྱས་ནས། ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲུབ་འབྲས་ཕྱོགས་སྡོམ་དང་བེད་སྤྱོད་ལེགས་པོ་བྱེད་པ་དང་། མཇུག་མཐའི་བྱ་བ་ལེགས་པོར་བསྒྲུབ་པ། ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོག་མའི་ལས་འགན་དམ་འཛིན་ནན་མོ་བྱེད་པ། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དང་སྐུལ་སློང་བྱས་ནས་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན། ཁག་ཁུར་འགན་སྒྲུབ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། ས་གནས་རང་གི་འཕེལ་རྒྱས་ཐད་ཐོད་བརྒལ་གསར་བ་འབྱུང་བར་འབད་འཐབ་སྟོབས་ཤུགས་གཅིག་སྡུད་བྱེད་རྒྱུའི་རེ་བ་བཏོན།

ལྷ་མོ་འཚོས་བསྒྱུར།