གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྗེས་དྲན་བྱེད་པ་དང་གཟེངས་བསྟོད་གྲོས་ཚོགས་པེ་ཅིང་དུ་འཚོགས།
2025.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ2པའི་ཚེས28ཉིན་པེ་ཅིང་དུ་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྗེས་དྲན་བྱེད་པ་དང་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་བསྡུས། རྒྱལ་སྲིད་ཨུ་ཡོན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་དབྱི་ཆིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོ་མོས་རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་དང་རྒྱ་ཆེའི་བུད་མེད་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་རྟེན་འབྲེལ་ཞུས།

ཧྲིན་དབྱི་ཆིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་བུད་མེད་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་བུད་མེད་ལས་དོན་དང་བུད་མེད་བྱ་བའི་འགག་སྒོ་བརྟན་སྲུང་དང་ཁ་ཕྱོགས་གཏན་ཁེལ་བྱེད་པ་དང་། ཁ་ལོ་སྒྱུར་བ་དང་སྲུང་སྐྱེལ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་བགྲོད་ལམ་སྔར་ལས་ཁོད་ཇེ་ཡངས་སུ་འགྲོ་བར་སྣེ་ཁྲིད་བྱས། རྒྱ་ཆེའི་བུད་མེད་ཀྱིས་ཏང་ལ་དགའ་ཞེན་བྱེད་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་སེམས་གཅིག་བྱེད་པ་དང་ཏང་གི་རྗེས་སུ་འབྲངས་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་མཛད་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་དགོས། རྒྱལ་གཅེས་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་དུ་དམིགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་བུད་མེད་ཀྱི་སྟོབས་ཤུགས་འབུལ་དགོས། ཁྱིམ་གཅེས་ཀྱི་ཀུན་སྤྱོད་ཇེ་བརྟན་དུ་གཏོང་བ་དང་། ཁྱིམ་སྲོལ་བཟང་བོ་འཛུགས་པའི་ཕྱོགས་ནས་ཁྱད་འཕགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཁྱིམ་ཚང་གི་དཔལ་ཡོན་སྲོལ་གསར་དར་སྤེལ་གཏོང་དགོས། པེ་ཅིང་གི་འཛམ་གླིང་བུད་མེད་གྲོས་ཚོགས་ཀྱི་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོས་འཛམ་གླིང་ཧྲིལ་བོའི་བུད་མེད་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མངོན་པར་བྱེད་དགོས།

ཚོགས་ཐོག་ཏུ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་འཛིན་མཁན་བཅུ་དང་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་འཛིན་མཁན་ལྔ་བརྒྱ་དང་གོ་དྲུག རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་འཛིན་མཁན་གྱི་ཐུན་མོང་སུམ་བརྒྱ་དང་གོ་ལྔ། རྒྱལ་ཡོངས་མཛངས་མའི་དཔལ་ཡོན་ལས་རྐང་ལྔ་བརྒྱ་དང་གོ་དགུ་ལ་་གཟེངས་བསྟོད་བྱས།

རིན་ཆེན་མཚོས་བསྒྱུར།