རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2025.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར་འཚོགས་པ་དང་། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཅེ་དབྱི་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་དུས་ཚོད3གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་མགོ་རྩོམ་རྒྱུ་ཡིན་པ་དང་། ཟླ3པའི་ཚེས10ཉིན་གྱི་སྔ་དྲོར་གྲོལ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན་དྲུག་རེད།

ལིའུ་ཅེ་དབྱི་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ན་ནིང་ནི་མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། འདས་ཟིན་པའི་ལོ་གཅིག་གི་རིང་ལ། རྒྱལ་ཡོངས་སྲིད་གྲོས་ཀྱིས་བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་སྒྲུབ་པའི་ནུས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བློ་འདོན་ཇུས་འབུལ་འབད་པས་བྱས་ཏེ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་བྱས་ནས། ལས་རིམ་སོ་སོའི་འགན་འཁྲི་སྒྲུབ་པའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་ནན་མོ་བཏང་ཡོད། ལོ་གཅིག་གི་རིང་ལ། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ་སོགས་ཐད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་ཏེ། འགན་འཁྲི་བསྒྲུབས་ནས་གྲོས་གཞི་བཏོན་ཡོད་ཟེར།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པས་ད་དུང་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་སོགས་ཀྱི་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

བན་དེ་སྐྱབས་ཀྱིས་བསྒྱུར།