ཚའེ་ཆི་ཡིས་སྤྱི་ཚོགས་ཚན་རིག་དང་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་གྲོས་སྡུར་བྱས།
2025.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚེས་དྲུག་ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་ཚོགས་ཚན་རིག་དང་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས། ཨུ་ཡོན་ཚོའི་གཏམ་བཤད་ལ་ཉན་རྗེས། ཚའེ་ཆི་ཡིས་བསྟན་དོན། འདས་པའི་ལོ་གཅིག་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་བཀོད་འདོམས་དང་བབ་བརླིང་སྟབས་བསྟུན་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སེམས་ཤུགས་གཅིག་བསྡུས་བྱས་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས། ཚའེ་ཆི་ཡིས་རེ་བ་ཡིན་ན་ཚང་མས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། རིག་གནས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་གསར་བ་འཇོག་དགོས། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། ཟུང་འབྲེལ་གཉིས་རྒྱུན་འཁྱོངས་བྱེད་པ། གསར་གཏོད་གཞུང་ལུགས་ཀྱི་མ་ལག་ཅན་དང་རིག་གཞུང་གཞུང་ལུགས་ཅན་གྱི་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོའི་མཚན་ཉིད་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་དགོས། དུས་རབས་གསར་བའི་ཧུར་ཐག་གིས་བསྐྱོད་པའི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྔོན་དཔགས་བརྟན་འཇགས་སུ་གཏོང་བ། སྤུས་ལེགས་བརྩམས་ཆོས་སྔར་ལས་མང་པོ་གསར་སྐྲུན་བྱས་ནས། ཀྲུང་གོའི་གཏམ་རྒྱུད་བཟང་བོར་བཤད་དགོས།

རིན་ཆེན་མཚོས་བསྒྱུར།