རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད།
2025.03.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས།   གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་།  སྙན་ཞུ་ལས་བསྟན་པའི2025ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་ཆབ་སྲིད་ཀྱི་འཕེལ་ཕྱོགས། འོས་འགན་བཅས་ལ་གྲོས་འཆམ་བྱུང་བ་མ་ཟད།  སྙན་ཞུ་འདིར་ཆོག་མཆན་འགོད་པའི་ཐག་གཅོད་བྱས།

གྲོས་ཚོགས་ལས་འབོད་སྐུལ་བྱས་དོན།   རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོང་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དོན་འཁྱོལ་བྱས་ཏེ།  "གཏན་ཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།   "འདུ་ཤེས་བཞིར"ཤུགས་སྣོན་པ།   "ཡིད་ཆེས་བཞི"རྒྱུན་འཁྱོངས་བྱེད་པ།   "སྲུང་སྐྱོང་གཉིས"སྒྲུབ་ཐུབ་པ་དང་།  བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་གཞི་གདངས་རྒྱུན་འཁྱོངས་བྱས་ནས།  ཆ་ཚང་དང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ།  སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་།  ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་བྱེད་པ།  དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ།  སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ།  ཕན་ནུས་ལྡན་པའི་ཆེ་ཕྱོགས་སྲིད་ཇུས་ལག་བསྟར་བྱས་ནས།  རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བ་དང་།  ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  ས་ཁོངས་བདག་ཁང་དང་མ་རྐང་གི་ཉོ་ཚོང་བརྟན་པོ་ཡོང་བར་བྱེད་པ།  གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་ཤུགས་སེལ་ནས།  སྔོན་དཔོག་བརྟན་པོ་དང་།  གསོན་ཤུགས་འཕེལ་བའི་སྒོ་ནས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  མུ་མཐུད་དུ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་དང་།  སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ།  སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་ཚད་ལས་འགན་ཡོངས་འགྲུབ་བྱེད་པ་དང་།  ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་མགོ་ལེགས་པོར་རྩོམ་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ནས།  མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་བ་འབྲི་དགོས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།