ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་མྱུར་དུ་སྐུལ་འདེད་གཏོང་དགོས་པར་བསྟན།
2025.03.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་རྒྱུ་ནི་ལྡོག་མེད་ཀྱི་གནས་ལུགས་ཡིན།

སྐྱེ་ཁམས་སྲུང་སྐྱོབ་ནི་མཚོ་སྔོན་གྱི་བྱ་བའི“རྩ་གནད”དང“བླ་སྲོག”ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་སྐྱེ་ཁམས་སྔོན་ལ་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། གལ་ཆེ་བ་གཙིགས་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ས་གནས་དེའི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གིས་སྐྱེད་སྲིང་ བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ཆེ་བའི་གྲུབ་འབྲས་ལེན་དགོས་པའི་མངགས་བཅོལ་གནང་ཡོད།  མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ནས་ཡུལ་བབ་དང་བསྟུན་ཏེ་ལྗང་མདོག་རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།

ཐོན་ཁུངས་ཀྱི་སྐྱེས་སྟོབས་ལ་བརྟེན་ནས་ཤུགས་ཆེན་པོས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་དང་ཐཱན་ཉུང་གཏོང་དང་བཙོག་འབུད་བྱེད་པར་རོགས་རམ་བྱེད་དགོས། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་རྒྱུན་མཐུད་གསོག་འཇོག་བྱེད་ཡུལ་གལ་ཆེན་ཞིག་ཡིན་པ་དང་། མངའ་ཁོངས་སུ་ཆུ་ཕུན་སུམ་ཚོགས་པ་དང་། འོད་ཕུན་སུམ་ཚོགས་པ། རླུང་ཕུན་སུམ་ཚོགས་པ། ས་ཆ་རྒྱ་ཆེ་ཞིང་ཆུ་གློག་གི་ཐོན་ཁུངས་རྒྱལ་ཡོངས་ཀྱི་ཨང་ལྔ་པར་སླེབས་ཡོད་པ་དང་། ཉི་ནུས་ཀྱི་ལོ་རེའི་སྤྱིའི་འགྱེད་འཕྲོ་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པས་རང་རྒྱལ་གྱི་རླུང་ར་ཆེན་པོ་ཨང་བཞི་པ་ཡིན། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་པ་གསར་སྤེལ་བྱེད་པར་སྤྱོད་ཆོག་པའི་ཐང་རྒོད་ཅན་གྱི་ས་ཆ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཙམ་ཡོད་པས། ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེ་ཞིང་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད།

རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་ཤུགས་ལ་དམིགས་ནས།“སྤྱི་སྡེར”མུ་མཐུད་དུ་རྒྱ་བསྐྱེད་པ་དང“སྟོབས་ནུས”ཆེ་རུ་གཏོང་དགོས།  མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། ཁུངས་དྲ་དང་གསོག་འཇོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།“བྱེ་ཐང་དང་ཐང་རྒོད”ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། ཆུ་གློག་གསར་སྤེལ། ནུས་གསོག་དཔེ་སྟོན། མེ་གློག་འདེགས་སྐྱོར་སོགས་ཀྱི་བྱ་བའི་ཕྱོགས་སོ་སོར་གྲུབ་འབྲས་བླངས་ཡོད།  2024ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་སྟོང་ཝ་བྱེ་བ་བདུན་དང་ས་ཡ་གཅིག་ལས་བརྒལ་བ་དང་། དེའི་ནང་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད94.6%ཟིན་པས། རྒྱལ་ཡོངས་སུ་ཐོག་མར་ནུས་ཁུངས་གསར་པའི་ སྒྲིག་སྦྱོར་འཕྲུལ་འཁོར་དང་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་ཀྱི“གཙོ་གཟུགས་གཉིས”མངོན་འགྱུར་བྱུང་ཡོད།  ཟི་ལིང“འོད་གློག་སྲང་ལམ”དེ་“འོད་རྗེས་སྙེག་པའི”ལམ་གྱི་མཚོ་སྔོན་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད། 2024ལོར་ཞིང་ཆེན་ཡོངས་ཀྱི་ཤེལ་མང་ཀུའེ་ཕྱིར་གཏོང་ཚད་ལྡབ73.7འཕར་བ་དང་། ཤེལ་རྐྱང་གཟུགས་ཀུའེ་དབྱུག་པ་ཐོག་མར་ཕྱིར་གཏོང་ཐུབ་པར་གྱུར་བ་དང་།  ཕྱིར་གཏོང་གྲངས་འབོར་གྱིས་རྒྱལ་ཡོངས་ཀྱི་རིགས་མཚུངས་ཕྱིར་གཏོང་ཚོང་ཟོག་གི12.1%ཟིན་ཞིང་། ལིས་ཐོན་ཚད་22.3%འཕར་བ། ལིས་གློག་སྨན་ཕྱིར་གཏོང་ཚད་ལྡབ77.5འཕར་བ། རྒྱལ་ཡོངས་ཕྱི་ཕྱོགས་ཚོང་དོན་གྱི“རྣམ་པ་གསར་པའི”ཁྲོད་མཚོ་སྔོན་གྱིས་རིགས་གཉིས་བཟུང་ཡོད། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་མི་འབོར4‰དང་དཔལ་འབྱོར་སྤྱི་འབོར3‰བཟུང་ཡོད་པས། རྒྱལ་ཡོངས་ཀྱི་གཅིག་བསྡུས་རྣམ་པའི་འོད་ཤུགས་གློག་འདོན་འཕྲུལ་འཁོར7%ཡས་མས་དང་འོད་ཤུགས་གློག་འདོན་ཚད་5%ཡས་མས་ཕུལ་ཡོད། 2030ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མ་སྒྲིག་སྦྱོར་འཕྲུལ་འཁོར་སྟོང་ཝ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ ཟིན་ནས་རྒྱལ་ཡོངས་ཀྱི་ནུས་ཁུངས་མཁོ་སྤྲོད་འགན་ལེན་གྱི་ཁྱོན་ཡོངས་དང་ཐོན་ལས་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་བརྟན་པོ་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་རེད། རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་འབེན་གཞིར་བཟུང་ནས། རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་ཞབས་ཞུ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལྗང་མདོག་འདུས་ཚད”ཆེས་ཆེར་མཐོ་རུ་བཏང་ཡོད།  ང་ཚོས་རྒྱལ་ཁབ་ཀྱི་ནུས་ཁུངས་གལ་ཆེའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་དང་ས་ཁུལ་ལས་བརྒལ་བའི་གློག་འདྲེན་བགྲོད་ལམ་དང་ཕྱི་སྐྱེལ་རྟེན་གཞི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་བ་དང་། འཛམ་གླིང་གི་ལྗང་མདོག་གློག་ཤུགས་བགྲོད་ལམ་དང་པོ་སྟེ། མཚོ་སྔོན་ནས་ཧི་ནན་ཐད་རྒྱུག་ཕྱི་སྐྱེལ་ཁྱབ་ཁོངས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར15ལ་རྒྱ་སྐྱེད་བཏང་བ་དང་། རིམ་རྩིས་བྱས་ན་ཕྱི་སྐྱེལ་གློག་གི་ཚད་དེ་དུས་ཚོད་སྟོང་ཝ་ཐེར་ཆེན་དྲུག་དང་ཐེར་འབུམ་རྒྱད་ལས་བརྒལ་བ་དང་། པེ་ཅིང་ཏ་ཤིན་གནམ་གྲུ་ཐང་དང་ཧང་ཀྲོའུ་ཨེ་ཤ་ཡ་ལུས་རྩལ་འགྲན་ཚོགས་སྟེང་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་བེད་སྤྱོད་བྱས་ཡོད། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྔོན་དུ། རྒྱལ་ནང་གི་འཆར་འགོད་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་ཆེ་ཤོས་དང་། མ་དངུལ་བསྡོམས་འབོར་ཆེ་ཤོས། ནུས་ཁུངས་གསར་པས་བཟུང་བའི་བསྡུར་ཚད་མཐོ་ཤོས། འགྱུར་མཚམས་ལས་བརྒལ་བའི་རྡོ་སོལ་འཕྲུལ་འཁོར་ཚན་པའི་ས་བབ་མཐོ་བའི་འཕྲུལ་འཁོར་རྐྱང་བའི་ཤོང་ཚད་ཆེ་ཤོས་བཅས་ཀྱི་ཚྭ་འདམ་གཞོང་ན་གོར་མོ་ཤར་རྒྱུད་ཀྱི་བྱེ་ཐང་རྟེན་གཞིའི་གློག་ཁུངས་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་།མཚོ་སྔོན་ནས་ཧི་ནན་བར་གྱི་ཐད་རྒྱུག་གིས་རྒྱལ་ནང་དུ་གློག་དྲ་གཉེར་སྐྱོང་ཁུལ་ལས་བརྒལ་བའི་འཁོར་སྐྱོད་ཐེངས་དང་པོ་མངོན་འགྱུར་བྱ་རྒྱུ་དང་། ལོ་རེར་གློག་གཏོང་ཚད་དུས་ཚོད་སྟོང་ཝ་ཐེར་ཆེན་གསུམ་དང་ཐེར་འབུམ་དྲུག་ལས་བརྒལ་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་བྱེ་བ་གཉིས་དང་ས་ཡ་བརྒྱད་ཡན་ཉུང་དུ་གཏོང་རོགས་བྱ་རྒྱུ་ཡིན་པ་རེད། ལྗང་མདོག་ལག་ཁྱེར་ཉོ་ཚོང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སླར་སྐྱེས་ནུས་ཁུངས་འཛད་སྤྱོད་མང་དུ་གཏོང་བ།  བསྟུད་མར་ལོ་དྲུག་གི་རིང་དུ“ལྗང་མདོག་གློག་ཉིན7”དང“ལྗང་མདོག་གློག་ཉིན9”“ལྗང་མདོག་གློག་ཉིན15”“ལྗང་མདོག་གློག་གི་གཙང་གསུམ་འབྱུང་ཁུངས”སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ནུས་ཁུངས་གཙང་མའི་གློག་འདོན་གྱིས་འཛམ་གླིང་གི་ཟིན་ཐོ་རྒྱུན་ཆད་མེད་པར་གསར་སྐྲུན་དང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་ནུས་ཁུངས་ཚུལ་སྒྱུར་འཕེལ་རྒྱས་ལ་ལག་ལེན་གྱི་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས་ཡོད།

མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་ཀྱི“མཚོ་སྔོན་གྱི་མ་དཔེ”གཏོད་དགོས། མཚོ་སྔོན་གྱི་གནམ་གཤིས་འཁྱགས་ཤིང་སྐམ་ཤོས་ཆེ་བ་དང་མཁའ་རླུང་གཙང་མའི་ཚད་མཐོ་བས། གཞི་གྲངས་ལྟེ་གནས་ཀྱིPUEགྲངས་1.2ཀྱི་མན་དུ་གནས་པ་དང་།  ནུས་ཁུངས་ཟད་གྲོན་རྒྱལ་ནང་གི་ཆ་སྙོམས་ཆུ་ཚད་ལས40%དམའ་བ་དེ་ནི་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བའི“རང་བྱུང་གྲུ་ཁ་ལེགས་པོ”ཞིག་རེད། ང་ཚོས་ནུས་ཁུངས་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ།ལྗང་མདོག་གློག་དེ་ལྗང་མདོག་རྩིས་རྒྱག་དང་།  ལྗང་མདོག་རྩིས་རྒྱག་ནུས་པ་འཕེལ་རྒྱས་ཀྱི“ནུས་ཁུངས་ཧ་ཅང་འདང་བ་དང་། གློག་རིན་ཧ་ཅང་དམའ་བ། ལྗང་མདོག་གློག་སྣེ་ལེགས་པ། གནམ་གཤིས་ཧ་ཅང་བཟང་བ། ནུས་ཁུངས་ཟད་གྲོན་ཧ་ཅང་ཉུང་བ། ཐོབ་ཆ་ཧ་ཅང་མཐོ་བ་བཅས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་མངོན་པར་བྱས་ཏེ།“གྲང་འཁྱགས”ཀྱི་མཚོ་སྔོན་གྱིས“འོད་ཆེམ་ཆེམ”གྱི་དུས་སྐབས་བསུས་ཡོད།

ལྗང་མདོག་རྩིས་གློག་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲན་ལམ་གསར་བ་གསར་འབྱེད་བྱེད་བྱས། ལྗང་མདོག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་མདངས་ཡིན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་རང་སྟེང་ནི་ལྗང་མདོག་ཐོན་སྐྱེད་ཀྱི་ནུས་ཤུགས་ཡིན། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཉམ་དུ་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ནས་སྔོན་བསྐྱོད་ཚོད་ལྟ་བྱས། ང་ཚོས་རྒྱལ་ཡོངས་སུ་ཐོག་མར་ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཚད་གཞི་ལྔ་ཕྱིར་བཏོན་པ་དང་། ལྗང་མདོག་རྩིས་ནུས་ལ་བརྟེན་ནས་གསར་གཏོད་བར་སྟོང་རྒྱ་སྐྱེད་ལ། མཉམ་འབྲེལ་དྲ་རྒྱའི་འགོ་ཁྲིད་ཁེ་ལས་སྐོར་ཞིག་མཚོ་སྔོན་དུ་གཞི་ཆགས་པར་བྱས་ནས། རིག་རྩིས་དང་བརྒལ་རྩིས། གཞི་ཁྱོན་ཆེ་བའི་རིགས་སོགས་ཀྱི་ལས་རྣམ་གསར་བ་བསྐྲུན་པ་དང་། ལྗང་གློག་གི་འདོན་སྤྲོད་མ་དཔེ་གསར་གཏོད་བྱས་ལ། འཛམ་གླིང་གི་རང་གཏོང་དང་རང་གསོག རང་སྤྱོད། རང་སྲུང་གི་དག་གཙང་ནུས་ཁུངས་ཀྱི་གློག་དྲ་ཕྲན་བུའི་རྩིས་ནུས་ལྟེ་གནས་དང་པོ་དངོས་སུ་བཀོལ་སྤྱོད་བྱས་པ་དང་། རྒྱལ་ནང་གི་རྒྱལ་ཐོན་སྙིང་ལྷེབ་བྱང་ཁྲིའི་ལྗང་རྩིས་འདུ་ཚོགས་ལས་གཞི་ཐོག་མ་ལག་བསྟར་བྱས་ལ། རྒྱལ་ཁབ་ཀྱི་བརྒལ་རྩིས་ཝུའུ་ཞི་ལྟེ་གནས་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་བཙུགས་པ་དང་། ལས་རྣམ་མང་པོ་མཉམ་བསྲེས་བྱས་ནས་རྩིས་ནུས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། རྒྱལ་ཡོངས་ཀྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་ཐོག་མ་བཙུགས་ནས་བཀོལ་སྤྱོད་བྱས་པ་དང་། གཞི་གྲངས་ཆེན་པོའི་གནོད་གྲབས་ལྟེ་གནས་དང་གནོད་གྲབས་སྤྲིན་སོགས་ལས་གཞི་གཙོ་བོ་མྱུར་དུ་ལག་བསྟར་བྱས་ལ། གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཐབ་ཇུས་ནུས་རིམ་རྒྱུན་མ་ཆད་པར་ཇེ་མཐོར་སོང་བ་དང་། མཚོ་སྔོན་གྱི་ཞིང་ཆེན་ཕྱིའི་ཚན་རིག་གསར་གཏོད་རྟེན་གཞི་ཐོག་མ་སྟེ་མཚོ་སྔོན་པེ་ཅིང་ཚན་རྩལ་གསར་གཏོད་རྟེན་གཞི་དང་མཚོ་སྔོན་པེ་ཅིང་ལྗང་མདོག་རྩིས་ནུས་རྟེན་གཞིའི་སྒོ་བྱང་བཀལ་ནས་བཀོལ་སྤྱོད་བྱས། 2024ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བསྐྲུན་ཟིན་དང་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་འཕྲུལ་སྒྲོམ་ཁྲི་དགུ་དང་སྟོང་གསུམ་ཡོད་ལ། རྩིས་ནུས་ཀྱི་གཞི་ཁྱོནpསྟོང་བརྒྱད་དང་བཞི་བརྒྱར་སླེབས་པ་དང་། དེ་ན་ནིང་གི་ལོ་འགོ་དང་བསྡུར་ནpསྟོང་བརྒྱད་རྐྱང་འཕར་བྱུང་ལ། སྔོན་དཔགས་ལྟར་ན2025ལོར་ཞིང་ཆེན་ཡོངས་ཀྱི་ཚད་ལྡན་འཕྲུལ་སྒྲོམ་དང་གཞི་ཁྱོན་ཐད་ནས་ལྡབ་གཉིས་འཕར་རྒྱུ་རེད། རྩིས་ནུས་ཀྱི་འདེགས་སྐྱོར་ནུས་པ་མགྱོགས་མྱུར་སྒོས་གྲུབ་པ་དང་། མཚོ་སྔོན་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱ་ཁྲོད་འདྲེས་པར་འདེགས་སྐྱོར་སྔར་ལས་བཟང་བོ་བྱེད་ཐུབ་ལ། ཤར་དབུས་རྒྱུད་ས་ཁུལ་གྱི་གཞི་གྲངས་དང་རྩིས་ནུས། རྩིས་ཐབས་ཀྱི་འབྲེལ་ཡོད་ཐོན་ལས་ནུབ་རྒྱུད་དུ་སྤོ་བསྒྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ་པ་དང་། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཀྱི་རིན་ཐང་ཇེ་ཆེར་བཏང་།

ས་བབ་དང་བསྟུན་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཉེར་སྤྱོད་གནས་གཞི་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ལྗང་མདོག་རྩིས་ནུས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་ཐད་ནུས་པ་འདོན་པར་སྐུལ་འདེད་བཏང་། མཚོ་སྔོན་གྱི་རྨིད་གྲུ་བཞི་མ་འབུམ་བདུན་དང་ཁྲི་གཉིས་ཀྱི་ས་ཆ་ནི་རང་བྱུང་གི་ས་གཤིས་རྟེན་མཛོད་ཁང་ཡིན་པ་དང་། མཚོ་འཕགས་རྨིད་སྟོང་བཞི་དང་ལྔ་བརྒྱའི་ཐད་ཀར་གྱི་བར་ཐག་གིས་འཛམ་གླིང་ཧྲིལ་བོའི་བརྒྱ་ཆའི་དགུ་བཅུའི་མཐོ་གྲང་སྐྱེ་ཁམས་མ་ལག་གི་རིགས་སྣ་གྲུབ་པར་བྱས་ལ། ལིན་ཧུའུ་གསེར་ཐང་རི་བོའི་གནམ་དཔྱད་ལྟ་ཞིབ་ཞིབ་འཇུག་ཁང་གིས་ཟླུམ་ཕྱེད་ཤར་མའི་འཛམ་གླིང་རིམ་པའི་འོད་རིག་གནམ་དཔྱད་ལྟ་ཞིབ་ས་ཚིགས་ཀྱི་སྟོང་ཆ་བསྐངས་པ་དང་། འཛམ་གླིང་གི་གནམ་གཤིས་རྩ་འཛུགས་ཀྱི་ལྟ་ཞིབ་འཆར་འགོད་ཁོངས་གཏོགས་ཡིན་པའི་བ་ཝོན་འཛམ་གླིང་རླུང་ཁམས་ཆེན་པོའི་ལྟ་ཞིབ་ས་ཚིགས་ཀྱིས། རྒྱལ་ནང་གི་རྒྱུན་མཐུད་ཀྱི་དུས་ཚོད་ཆེས་རིང་བའི་དྲོད་ཁང་གི་མཁའ་དབུགས་སྟུག་ཚད་ཀྱི་གཞི་གྲངས་རིམ་སྟར་བསྡུ་གསོག་བྱས་པ་དང་། ས་གཞིའི་གསང་གྲངས་དེ་ལྗང་མདོག་རྩིས་ནུས་འཕེལ་རྒྱས་ཀྱི་གསང་བའི་ལྡེ་མིག་ཏུ་འགྱུར་བཞིན་པའི་སྒང་ཡིན་ལ། མཚོ་སྔོན་ནས་ཐོན་ཞིང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ཡོངས་གསར་རྩིས་ནུས་ཉེར་སྤྱོད་གནས་གཞི་སྐོར་ཞིག་མྱུར་དུ་འཚར་ལོངས་འབྱུང་བཞིན་ཡོད། འཛམ་གླིང་རིམ་པའི་ཚྭ་མཚོའི་་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་དག་གཙུང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་ཀྱི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། ལྗང་མདོག་རྩིས་ནུས་ཀྱིས་ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་བསྒྱུར་བའི་སྒུལ་ནུས་རྒྱུན་མ་ཆད་པར་ཕྱིར་གཏོང་བྱས་ཏེ། ཐོན་ལས་གནས་བཞི་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ཐོན་ལས་གཞི་གྲངས་ཅན་དང་གཞི་གྲངས་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་ཇེ་མཐོར་སོང་།

མཚོ་སྔོན་གྱིས་རི་གཉིས་ཀྱི་འདུ་ཤེས་ལག་བསྟར་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ། ཐོན་ལས་གནས་བཞི་གཙོ་གཞི་རུ་བྱས་པའི་ལྗང་མདོག་ཐཱན་དམའ་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ། ས་ཁོངས་གཅིག་ལ་བྱས་རྗེས་འཇོག་པ་མ་ཟད། སྤྱི་ཡོངས་ལ་བྱས་རྗེས་འཇོག་པའི་མཐོང་རྒྱར་བརྟེན་ནས། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལས་རྣམ་གསར་བ་དང་བྱེད་ཐབས་གསར་བ། མ་དཔེ་གསར་བ་གསར་སྐྲུན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་ཕྱོགས་ཡོངས་ཀྱི་་ལྗང་མདོག་ཚུལ་སྒྱུར་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་རེད།

གཡང་འབུམ་རྒྱལ་དང་རིན་ཆེན་མཚོས་བསྒྱུར།