མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2025.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས14ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རེ་བ་ལག་བསྟར་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ཕྱོགས་ཡོངས་ནས་མཇུག་བསྡུ་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་མཚོན་དོན་མཐོ་ཞིང་བསམ་བློའི་གཏིང་ཟབ་པ་དང་། རྒྱས་བཤད་གནད་ལ་ཕིགས་ཤིང། མིག་སྔར་ལ་རྐང་བཙུགས་པ་མ་ཟད་ཡུན་རིང་ལ་དམིགས་ཡོད་པ་དང་། རྒྱུན་འཁྱོངས་ལྷོད་མེད་བྱས་པ་མ་ཟད་བབ་བསྟུན་མདུན་སྐྱོད་བྱས་ལ། ཁོངས་གཅིག་་ལ་ཁྲིད་སྟོན་བྱས་པར་མ་ཟད་སྤྱི་ཡོངས་ལ་ཇུས་འགོད་བྱས་ཏེ། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་གཉིས་ཟུང་འབྲེལ་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མིག་སྔར་གྱི་གནས་བབ་ཐད་ཀྱི་ཚན་རིག་གི་བརྡར་གཅོད་དང་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། བཅོས་བསྒྱུར་གྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས། ཁག་ཁུར་སྔར་ལས་ཆེན་པོ་དང་བརྩོན་སེམས་སྔར་ལས་ཆེན་པོས་གཙོ་གནད་ལ་དམིགས་ནས་ཤུགས་གནད་ལ་འཁེལ་བ་འདོན་པ་དང་། སྣེ་ཁྲིད་རང་བཞིན་དང་འགྱོགས་འདེགས་རང་བཞིན་ཆེན་པོ་ལྡན་པའི་བྱེད་ཐབས་དང་འདྲེན་བྱེད་ལ་བརྟེན་ནས། གཏན་ཁེལ་མིན་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་བར་ནས་དུས་ཚོད་བརྩོན་ལེན་བྱེད་པ། སྟོབས་ཤུགས་སྔར་ལས་ཆེན་པོ་དང་ནུས་པ་སྔར་ལས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཕན་ལྡན་གྱི་དགོས་མཁོ་རྒྱ་སྐྱེད་པ། ཁྱད་ལྡན་དགེ་མཚན་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ཐག་གཅོད་བྱེད་པ། དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བ་དང་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། དམ་འཛིན་མགྱོགས་བསྒྲུབ་དང་སྔོན་སྣུར་ཤུགས་འདོན་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱིའི་གནས་བབ་ཐད་བྱས་རྗེས་འཇོག་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཐད་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་ཞིང་གི་གནས་ཚུལ་དངོས་འབྲེལ་འདྲིས་དམ་ཟབ་བྱེད་པ། ལས་འགན་ཡི་གེ་དང་ལག་བསྟར་པར་རིས་སྔར་ལས་ཇེ་ཞིབ་ཇེ་ལེགས་སུ་གཏོང་བ། རང་འགུལ་གྱིས་དམངས་ཆེན་གྱི་ལྟ་སྐུལ་དང་སྲིད་གྲོས་དམངས་གཙོའི་ལྟ་སྐུལ། ཁྲིམས་འཛིན་ལྟ་སྐུལ་དང་ལེན་བྱེད་པ། ནུས་པ་སྔར་ལས་ཆེན་པོས་འཐུས་མིའི་གྲོས་གཞི་དང་སྲིད་གྲོས་ཀྱི་གྲོས་གཞི་བཟང་བོར་བསྒྲུབ་པ། བྱ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། རྣམ་པ་གསར་བ་དང་གྲུབ་འབྲས་གསར་བ་མངོན་པར་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་དུས་ཚིགས་དང་པོར་གྲུབ་འབྲས་བཟང་བོ་ལེན་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བཟང་བོ་བསྡུ་བ། ཚད་གཞི་མཐོ་བའི་ངང་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ཇུས་འགོད་བྱེད་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཁེ་ལས་ལ་འཚམས་འདྲི་བྱས་པའི་གྲུབ་འབྲས་ལ་རྗེས་འདེད་ལག་བསྟར་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་གཅིག་འདོམས་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་ལེགས་བརྩོན་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱེད་པའི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་གཉེར་པ་བྱེད་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་དགུ་པར་མགོ་འཛིན་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། མ་ལག་བསམ་བློ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ནི་གནས་ལུགས་དངོས་མ་ཡིན་ལ། བདེ་འཇགས་ཀྱང་གནས་ལུགས་དངོས་མ་ཡིན་པའི་འདུ་ཤེས་འཛུགས་པ། སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བ་དང་རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་འགོག་ཟོན་ཐག་གཅོད་བྱེད་པ། སྤྱི་ཚོགས་བདེ་སྐྱོང་གི་སྤྱི་ཁོག་འགག་སྡོམ་ལ་ཤུགས་སྣོན་པ། ས་ཆ་གཅིག་དང་ས་ཁོངས་གཅིག ལས་རིགས་གཅིག་གི་བདེ་འཇགས་དམ་འཛིན་བྱེད་པ་བརྒྱུད་དེ་རྒྱལ་ཁབ་སྤྱིའི་བདེ་འཇགས་ཐད་ཆ་རྐྱེན་བསྐྲུན་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དེ་ཆུ་ཚད་སྔར་ལས་མཐོན་པོར་བསླེབ་པར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།