ཟླ3པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཧཱ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་སི་ཁི་ལིས་ཡཱ་ཨར་ལ་མཇལ་འཕྲད་གནང་བ་མ་ཟད་ཀྲུང་གོ་དང་ཧཱ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པར་མཉམ་དུ་མགོ་འཛིན་མཛད།
ཟླ3པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཧཱ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་སི་ཁི་ལིས་ཡཱ་ཨར་ལ་མཇལ་འཕྲད་གནང་བ་མ་ཟད་ཀྲུང་གོ་དང་ཧཱ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པར་མཉམ་དུ་མགོ་འཛིན་མཛད།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ཧཱ་སག་སི་ཐན་ནི་ཕན་ཚུན་རོགས་རམ་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་། མཉམ་དུ་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་གྲོགས་པོ་བཟང་པོ། གཉིས་ཕན་མཉམ་རྒྱལ་གྱི་གྲོགས་པོ་བཟང་པོ་བཅས་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུགས་ཁུར་དང་སྐུལ་འདེད་འོག ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ན་ནིང་གི་ཟླ་བདུན་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧཱ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲིར་གནང་སྐབས་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་མཉམ་དུ་འཐབ་ཇུས་བཀོད་སྒྲིག་དང་གཅིག་གྱུར་འཆར་འགོད་བྱས་ཏེ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ཡུན་རིང་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་དང་འཆར་འགོད་གནང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཆབ་སྲིད་ཀྱི་ཐད་ཕན་ཚུན་གྱི་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་དགོས།
ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་ཧཱ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཚུན་གྱི་བྱ་བ་སྣ་ཚོགས་ཀྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། གོ་རིམ་རྗེས་མའི་བྱ་བའི་ཐད་གྲོས་འགོ་བཞི་བཏོན་ཡོད། གཅིག་ནི་གཙོ་འཛིན་གྱི་ཕྱི་འབྲེལ་སྣེ་ཁྲིད་ལ་ཤུགས་བསྣན་ཏེ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པའི་ཁག་ཐེག་བྱས་ཏེ། གོ་དོན་དང་གསོན་ཤུགས་ཀྱིས་སྔར་ལས་ཕྱུག་པའི་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་འཛུགས་རྒྱུ་དེ་རེད། གཉིས་ནི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་ཚོང་དོན་དངུལ་གཏོང་དང་ཕན་ཚུན་སྦྲེལ་མཐུད། ནུས་ཁུངས་གཏེར་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནི་བདེ་འཇགས་ཀྱི་བཀག་རྒྱ་མུ་མཐུད་སྲ་བརྟན་དུ་བཏང་ནས། ཁྲིམས་འཛིན་བདེ་འཇགས་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་སྔོན་འགོག་ནུས་ལྡན་བྱ་དགོས། བཞི་ནི་སྤྱི་ཚོགས་ཀྱི་མི་གཞུང་བརྗེ་རེས་ཀྱི་སྦྲེལ་ཐག་ཇེ་དམ་དུ་བཏང་ནས། སྤྱི་ཚོགས་ལས་རིགས་སོ་སོའི་འགྲོ་འོང་དམ་ཟབ་ཀྱི་རྣམ་པ་རྒྱུན་མཐུད་བྱས་ཏེ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་མཛའ་བརྩེའི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
སི་ཁི་ལིས་ཡཱ་ཨར་གྱིས་བསྟན་དོན། ཧཱ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་འབྲེལ་ཐད་སྔོན་ལ་འཛིན་པའི་ཁ་ཕྱོགས་སུ་བརྩིས་ནས། ཀྲུང་གོ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་བྱེད་པའི་གཙོ་གནད་ལས་གཞི་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཧཱ་སག་སི་ཐན་དང་ཀྲུང་གོའི་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
གྲོས་ཚོགས་ཀྱི་སྐབས་སུ། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་དངུལ་གཏོང་དང་ཕན་ཚུན་འབྲེལ་མཐུད། ཚན་རྩལ་གསར་གཏོད། ནུས་ཁུངས་གཏེར་རྫས། ཞིང་ལས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་མི་གཞུང་བརྗེ་རེས་གནས་ཚུལ་མཉམ་དུ་ལེགས་སྒྲིག་བྱས་པ་དང་། དུས་རིམ་རྗེས་མའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བསམ་འཆར་བརྗེ་རེས་བྱས་ནས་ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད།
གྲོས་ཚོགས་ཀྱི་རྗེས་སུ། ཏེན་ཞུའེ་ཞང་དང་སི་ཁི་ལིས་ཡཱ་ཨར་གྱིས《ཀྲུང་གོ་དང་ཧཱ་སག་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཟིན་བྲིས་གནད་བསྡུས》བཀོད་པར་མ་ཟད་མཉམ་ལས་ཡིག་ཆ་བཀོད་པ་བདེན་དཔང་བྱས།
ཤ་བོ་རིན་མཚོས་བསྒྱུར།